日志

༄༅།།མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ ...

已有 365 次阅读2016-11-16 08:00 |系统分类:环保


                   ༄༅།།མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི102ཀྱིས་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱས།
                                       ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

                                

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དུས་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་ཚང་མ་དོ་དམ་བྱེད་པའི་ཁྱབ་ཁོངས་གཙོ་བོའི་ནང་བཞག་པ་དང་། དོ་དམ་ལ་ཤུགས་སྣོན་པ་དང་ལྟ་སྐུལ་ཤུགས་ཚད་ཇེ་ཆེར་བཏང་ནས་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱས། མིག་སྔར། ལག་བསྟར་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་བརྒྱ་དང་གཉིས་པོ་ཚང་མས་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱས།

      བྱ་བའི་ཁྲོད། མཚོ་ལྷོ་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཨར་ལས་སྡེ་ཁག་གིས་དཔྱད་ཞིབ་དོ་དམ་བྱེད་པའི་བྱེད་ཐབས་གཏན་ལ་ཕབ་སྟེ་ལས་གཞིའི་ཨར་ལས་དོ་དམ་དང་རྒྱུ་སྤུས་དོ་དམ། མྱུར་ཚད་དོ་དམ། བདེ་འཇགས་དོ་དམ། མ་དངུལ་དོ་དམ་སོགས་དཔྱད་ཞིབ་ཚད་གཞི་བརྒྱད་གཏན་ཁེལ་བྱས་པ་དང་དཔྱད་ཞིབ་བརྒྱུད་ནས་ཨར་ལས་སྡེ་ཁག་གི་དྲག་རྒྱལ་ཞན་འཇིག་མངོན་འགྱུར་བྱས།

      མྱུར་ཚད་སྙན་ཞུ་བྱེད་པ་དང་སྤྱི་བསྡོམས་སྙན་ཞུ་བྱེད་པ། འཆར་འགོད་དང་ལྟ་ཞིབ་དོ་དམ་སྡེ་ཁག་རང་གིས་དཔྱད་འཇོག་བྱེད་པ་དང་རྫོང་རིམ་པས་དཔྱད་འཇོག་བྱེད་པ། ཁུལ་རིམ་པས་དཔྱད་འཇོག་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་ནས་ལྟ་ཞིབ་དོ་དམ་སྡེ་ཁག་གིས་ཚད་ལྡན་ངང་དོ་དམ་བྱེད་པར་སྐུལ་འདེད་བཏང་། དེ་དང་མཉམ་དུ། མཉམ་འབྲེལ་ལྟ་ཞིབ་ནང་རྐྱེན་བཙུགས་ནས་མཉམ་འབྲེལ་ལྟ་ཞིབ་ཚོགས་པ་རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་བཟོ་སྐྲུན་ལས་གཞིའི་ཨར་ལས་མཚོན་རྟགས་ས་ཚིགས་རེ་རེར་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དུ་བཅུག་པར་མ་ཟད་མང་ཚོགས་ཡིད་ཚིམ་ཚད་དེ་བཟོ་སྐྲུན་གྱི་སྤུས་ཚད་དཔྱད་བསྡུར་གཏན་འབེབས་བྱེད་པའི་དམིགས་ཚད་གལ་ཆེན་ཏུ་བརྩིས་ཏེ་དུས་ཐོག་ཏུ་སྤྱི་ཚོགས་ཡོངས་ལ་བཟོ་སྐྲུན་འཛུགས་སྐྲུན་སྤུས་ཚད་ཀྱི་དམིགས་ཚད་ཁྱབ་བསྒྲགས་བྱས་ནས་མང་ཚོགས་ཀྱིས་རྒྱུན་པར་ལས་གཞིའི་འཛུགས་སྐྲུན་ལ་ལྟ་སྐུལ་བྱེད་པར་ཁྲིད་སྟོན་བྱས།

      ལས་གཞིར་རིམ་པ་བཀར་ཏེ་དོ་དམ་བྱེད་པ་དང་རིམ་པ་བཀར་ཏེ་འགན་ཁུར་བའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཁྲོད་རྙེད་པའི་གནད་དོན་མང་བའི་ལས་གཞིར་སྒོ་བྱང་བཀལ་ཏེ་ལྟ་སྐུལ་བྱེད་པ་དང་ཆེད་བསྐོས་མི་སྣས་འགན་ཁུར་པའི་བྱེད་ཐབས་གཏན་ཁེལ་བྱས་ནས་བཟོ་སྐྲུན་ཡོངས་ལ་ལྟ་སྐུལ་ལེགས་བཅོས་བྱས། མིག་་སྔའི་བར། མཚོ་ལྷོ་ཁུལ་གྱི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བདུན་འབུམ་དགུ་བཏང་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྐབས་གཉིས་པའི་བཟོ་སྐྲུན་རིགས་བཅུ་གསུམ་གྱི་ལས་གཞི་བརྒྱ་དང་གཉིས་པོ་ཚང་མས་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱས།   །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-11 05:26 , Processed in 0.055809 second(s), 20 queries .

返回顶部