|
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་ཁྱིམ་ཚང་ལ་དཔེ་འཐེན་བརྟག་བཤེར་མཇུག་འབྲས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་ཁུལ་དྲུག་གི་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་སྒོར11329ལ་སླེབས་པ་དང་། མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་འགྲོ་སོང་སྒོར7237ལ་སླེབས་ཤིང་། དུས་མཉམ་ལས་སོ་སོར10%དང4.9%འཕར་ཡོད།
ཡོང་སྒོའི་སྒྲིག་གཞི་ལ་གཞིགས་ན། བོད་ཁུལ་ཁུལ་དྲུག་གི་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཟླ་ཕོགས་རང་བཞིན་ཡོང་སྒོ་སྒོར6560དང11.6%འཕར་ལ། མི་རེའི་ཆ་སྙོམས་ཀྱི་བདག་གཉེར་རང་བཞིན་ཡོང་སྒོ་རྐྱང་བ་སྒོར3185དང9.5%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱུ་ནོར་ཡོང་སྒོ་རྐྱང་བ་སྒོར471དང10%འཕར་ལ། མི་རེའི་ཆ་སྙོམས་སྤོ་བསྒྱུར་རང་བཞིན་གྱི་ཡོང་སྒོ་རྐྱང་བ་སྒོར1113དང2.6%འཕར་ཡོད།
འཛད་སྤྱོད་སྒྲིག་གཞི་ལ་བལྟས་ན། འཛད་སྤྱོད་ཆེན་མོ་བརྒྱད་ཕྱོགས་ཡོངས་ནས་འཕར་ཡོད། དེའི་ནང་སློབ་གསོ་རིག་གནས་རོལ་རྩེད་བཅས་ཀྱི་འཛད་སྤྱོད་འགྲོ་སོང17.9%འཕར་ལ། འཕར་ཚད་འཛད་སྤྱོད་གཞན་པ་དག་ལས་མཐོ་བ་ཡིན། །
ཞེས་རོང་ཆཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།
藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|
tibetcul.com © Copyright 2004-2017. All rights reserved |陇ICP备05000171号
战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所
严禁在本站发表与国家法律相抵触言论和散播谣言
Powered by Discuz! X3.2GMT+8, 2019-12-13 01:31 , Processed in 0.026380 second(s), 20 queries .