日志

༄༅།།མཚོ་སྔོན་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་ས ...

已有 596 次阅读2016-11-4 10:15 |系统分类:传媒


           ༄༅།།མཚོ་སྔོན་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་དམིགས་ནས་ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ། 
                                       ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

                                

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་།ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་ལ།ཆེས་ཆེ་བའི་མི་མངོན་པའི་ཤུགས་ཀྱང་སྐྱེ་ཁམས་རེད། དོན་དངོས་ལ་དམིགས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཇི་ལྟར་བྱེད་པ་དང་། ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་ནི་རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དམིགས་སུ་འཛིན་པའི་འདུ་ཤེས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་མཐུན་སྦྱོར་ངང་སྐུལ་འདེད་བྱེད་པའི་འཐབ་ཇུས་ཀྱི་གདམ་ཀ་རེད།

      རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་འགག་སྒྲོལ་གསར་པ་བླངས་པ།

      དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར།འབྲོག་ཁུལ་གྱི་མི་འབོར་འཕར་བ་དང་། ཕྱུགས་ཟོག་འཕར་སྣོན་བྱུང་བ་དང་བསྟུན། རྩྭ་ཕྱུགས་ཀྱི་འགལ་བ་ཇེ་དྲག་ཏུ་གྱུར་ཏེ་རང་ཞིང་གི90%ཡན་གྱི་རྩྭ་ཐང་ལ་ཞན་འགྱུར་ཚབས་ཆེན་བྱུང་བས། རྩྭ་ཐང་གི་ཕྱུགས་ལས་མུ་མཐུད་དུ་འཕེལ་རྒྱས་འབྱུང་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་ལ་ཉེན་ཁ་བཟོས།

       རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཕྱུགས་བསྐྱུར་རྩྭ་སྐྱོང་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མཚོ་སྔོན་པོ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། དེ་མིན་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ཆེན་པོ་ལག་བསྟར་བྱས་ཏེ། གཞི་རྩའི་རྩྭ་ཐང་གཏན་འཁེལ་བྱས་ཤིང་རྩྭ་ཐང་འགན་གཙང་ལེན་དངོས་འབེབས་བྱས་པ་དང་། འགན་གཙང་ལེན་བྱས་པའི་བདག་གཉེར་དཔང་ཡིག་དང་བཀོལ་སྤྱོད་དཔང་ཡིག་བཀྲམ་པར་མ་ཟད། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་སོགས་ལམ་ལུགས་དང་ལག་བསྟར་བྱེད་ཐབས་རབས་དང་རིམ་པ་གཏན་འཁེལ་བྱས་ཏེ། རྒྱལ་ཡོངས་སུ་ཐོག་མར་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་བྱ་དགའ་སྤྲོད་པ་དེ་སྲུང་སྐྱོབ་འགན་ཁུར་དང་སྲུང་སྐྱོབ་ཕན་འབྲས་གཉིས་དང་སྦྲེལ་བའི་ཚོད་ལྟ་བྱས།

       ལོ་མང་པོའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལ་དམིགས་ཏེ། སྔ་གཞུག་ཏུ་རང་བྱུང་རྩྭ་ཐང་སྟེང་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་དོ་དམ། རྩྭ་ཐང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སྐོར་རྒྱུག དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ། རྩྭ་ཐང་གི་སྐྱེ་ཁམས་ལྟ་སྐྱོང་པར་དོ་དམ། རྩྭ་ཐང་འགན་གཙང་ལེན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གཞི་རྩའི་རྩྭ་ཐང་གཏན་འཁེལ་བྱེད་པ་སོགས་བྱེད་ཐབས་དང་ལམ་ལུགས་རབས་དང་རིམ་པ་གཏན་འཁེལ་བྱས་ཏེ། ཁྲིམས་ལྟར་རྩྭ་ས་སྲུང་སྐྱོབ་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱས།

       ད་ལོའི་སྡོམ་རྩིས་གྲངས་ཀ་ལྟར་ན། རྩྭ་ཐང་གི་སྔོ་ཁེབས2005ལོ་ལས་བརྒྱ་ཆའི་ཆ3.8ཇེ་མཐོར་སོང་སྟེ་ཁེབས་ཚད་རྒྱ་ཁྱོན69.3%ལ་སླེབས། མུའུ་རེ་ནས་ཕྱུགས་རྩྭ་ཐོན་ཚད་ཆ་སྙོམས་བྱས་ན26%ཡས་མས་ཇེ་མཐོར་སོང་ཞིང་། སྤུས་ལེགས་ཕྱུགས་རྩྭ་སྔོན་ཆད་ལས19.92%ཇེ་མཐོར་སོང་ཡོད། ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་ཁྲི11.3 གཏན་སྡོད་ཁང་གསར་ནང་གནས་སྤར་བ་དང་། འབྲོག་པ་ཁྱིམ་ཚང་ཧ་ལམ་ཁྲི6.9ལྷག་གིས་སྦྲ་གུར་དང་ལྕགས་ཐབ། བཪྙན་འཕྲིན་སོགས་དེང་རབས་ཀྱི་སྒྲིག་བཀོད་བེད་སྤྱོད་བྱས་ཟིན།

       རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་སྟངས་བསྒྱུར་བའི་ཐད་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་བ།

      2008ལོ་ནས་བཟུང་། མཚོ་སྔོན་གྱིས་རྒྱལ་ཡོངས་སུ་ཐོག་མར་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། སྒྲིགས་སྲོལ་དང་ནང་རྐྱེན་སྟེང་ནས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་ཪྙེད། ཞིང་ཆེན་ཡོངས་སུ་བཙུགས་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང1228དེ་ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཚང་མར་ཁེབས། རང་བྱུང་རྩྭ་ཐང་དེ་མཉམ་ལས་ཁང་དང་ཡང་ན་གསོ་སྤེལ་ར་བར་སྤར་ནས་ལག་གསོ་བྱས་པའི་ཕྱུགས་ཟོག་ཁྲི324.8ལ་སླེབས།

       མཉམ་ལས་ཁང་ཧྲག་སྡེབ་བྱས་པ་དང་རྩྭ་ཐང་སྐོར་རྒྱུག་བྱེད་པའི་ནང་རྐྱེན་གསར་སྐྲུན་བྱས་ཏེ།  ཕྱུགས་ཁྱུ་མི་འདྲ་བ་ལྟར་བསྐྱར་དུ་ཕྱུགས་འཚོ་ས་བགོས་ནས་རེས་སྐོར་གྱིས་འཚོ་བ་རེད། རྩལ་ནུས་ལྟར་ངལ་རྩོལ་པ་བགོས་པ་དང་། ཕྱུགས་འཚོ་སྐྱོང་ལ་མཁས་པ་རྣམས་བདམས་ནས་ཕྱུགས་འཚོ་རུ་བཅུག་ཅིང་། བདག་གཉེར་ཉམས་མྱོང་ཡོད་པ་རྣམས་བདམས་ནས་མཉམ་ལས་ཁང་སྒྲུབ་ཏུ་བཅུག  ལྷག་འཕྲོའི་ངལ་རྩོལ་པ་རྣམས་ཐོན་ལས་གཉིས་པ་དང་གསུམ་པར་ཞུགས་སུ་བཅུག  དེ་མིན་ནོར་སྲིད་མ་དངུལ་ཧྲག་སྡེབ་བྱས་ནས་ཕྱུགས་གསོ་དྲོད་ཁང་དང་རྒྱུད་བཟང་ཕྱུགས་ཟོག་བཟོ་འགོད། མིས་བཏབ་པའི་གཟན་རྩྭ་རྟེན་གཞི། རྩྭ་ཐང་གི་ལྕགས་དྲ་སྐོར་བ། རིམས་འགོག་སྨན་ཁབ་རྒྱག་པའི་ར་སྐོར་སོགས་འཛུགས་སྐྲུན་བྱས་པས། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས་ལ། མ་དངུལ་བཀོལ་བའི་ལས་ཆོད་ཀྱང་ཇེ་མཐོར་བཏང་བ་རེད། །

       ཅེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 23:17 , Processed in 0.049084 second(s), 20 queries .

返回顶部