日志

༄༅།།མཚོ་སྔོན་གྱིས་དམར་དམག་རྒྱང་སྐྱོད་ལ་ར ...

已有 598 次阅读2016-10-23 07:43 |系统分类:传媒


    ༄༅།།མཚོ་སྔོན་གྱིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

                                         ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

   

                 


        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་གྱིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཚོགས་ཐོག་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། གསར་བརྗེ་སྔོན་རབས་པའི་ཉམས་མེད་མཛད་རྗེས་ཡིད་ནས་དུས་གཏན་དུ་མི་བརྗེད་པ་བྱེད་དགོས། གསར་བརྗེ་ཡི་བླ་མེད་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱེད་དགོས། རླབས་ཆེ་བའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཐོག་མའི་ཆོད་སེམས་མ་བརྗེད་པའི་ངོས་ནས་མདུན་སྐྱོད་ལྷོད་མེད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གང་ཡོད་གཅིག་ཏུ་བསྒྲིལ་མཐར། བློ་བརྟན་འགྱུར་མེད་ངང་བརྒྱ་ལོ་གཉིས་ཅན་གྱི་འཐབ་རྩོད་དམིགས་འབེན་མངོན་དུ་འགྱུར་བར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་རྒྱང་སྐྱོད་གསར་བའི་ལམ་བུ་མངོན་འགྱུར་བྱེད་དགོས་པ་བསྟན།

       ཧྲིན་ཀྲང་ཧའོ་ཕིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་ཐེངས་འདིའི་ཚོགས་འདུར་ཞུགས།

       ཝང་གོ་ཧྲིན་གྱིས་གཏམ་བཤད་ཁྲོད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཚང་མ་བཅས་ཀྱི་ཚབ་བྱས་ཏེ། དམར་དམག་རྒྱང་སྐྱོད་ཁྲོད་ཞུགས་མྱོང་བ་དང་དམར་དམག་རྒྱང་སྐྱོད་ཀྱི་རྒྱལ་ཁར་བྱས་རྗེས་རླབས་ཆེན་བཞག་མྱོང་བའི་རྒན་རབས་དཔའ་བོ་དང་འཐབ་མོ་བ་རྒན་པ། བློ་མཐུན་རྒན་པ། དམར་དམག་རྒྱང་སྐྱོད་ལ་རོགས་འདེགས་གང་ལེགས་བྱས་མྱོང་བའི་རིགས་སོ་སོའི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུས་པར་མ་ཟད། ཁོང་ཚོར་ལྷག་བསམ་གྱིས་གུས་འདུད་ཞུས།

       ཝང་གོ་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས། ལོ་ངོ་བརྒྱད་ཅུའི་སྔོན་དུ་བྱུང་བའི་དམར་དམག་རྒྱང་སྐྱོད་ཀྱི་གསར་བརྗེའི་སྤྱོད་ལམ་དང་རྔམ་ཟིལ་གྱི་ལོ་རྒྱུས་སྙན་རྩོམ། རྒྱལ་རབས་ཀྱི་ལོ་རྒྱུས་རྡོ་རིང་བཅས་ཕྱིར་དྲན་བྱས་པ་དང་། དམར་དམག་རྒྱང་སྐྱོད་ཀྱི་རླབས་ཆེ་བའི་དོན་སྙིང་དང་སྙིང་སྟོབས་ཀྱི་ལ་སྤྱི་སྡོམ་ཡང་དག་བྱས་པར་མ་ཟད། རླབས་ཆེ་བའི་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་དེ་རིང་གི་དམར་དམག་རྒྱང་སྐྱོད་ལམ་བུའི་སྟེང་བགྲོད་པར་ཕྱོགས་དྲུག་གི་ཐད་ནས་བླང་བྱ་བཏོན་ཡོད། གསུངས་བཤད་ནི་ལོ་རྒྱུས་ལ་བདེན་དཔང་བྱེད་པའི་བློ་འབྱེད་བསམ་བློ་ཡིན་ལ། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་བསྒྲགས་གཏམ་ཡི་གེ་ཡིན། དེ་མིན་ད་དུང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཀུན་འཕེལ་རྒྱས་ཡོང་བར་མཛུབ་སྟོན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་ཡིག་ཚགས་གལ་ཆེན་ཞིག་ཀྱང་ཡིན་པ་དང་ང་ཚོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་སྟེང་དཔའ་ངར་ཞུམ་མེད་ཀྱིས་བསྐྱོད་པར་སྐུལ་འདེད་གཏོང་བའི་བསམ་བློའི་རྒྱགས་ཕྱེའང་ཡིན། དེ་བས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། རང་རྟོགས་ཡོད་པའི་སྒོ་ནས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ཡར་ལྡན་དུ་སྤེལ་བའི་ཁྲོད་སིམ་འདྲེས་ཡོང་བར་བྱས་ཏེ། ཡིད་ཆེས་བརྟན་པོ་དང་སྲོལ་རྒྱུན་དར་སྤེལ། འབད་འབུངས་ཧུར་ཐག་བཅས་བྱས་མཐར། བར་མ་ཆད་པའི་སྒོ་ནས་ལས་དོན་ཐམས་ཅད་ལ་རྒྱལ་ཁ་གསར་བ་ལེན་དགོས་ཟེར།

       ཝང་གོ་ཧྲིན་གྱིས་བསྟན་དོན། རླབས་ཆེ་བའི་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་ལས་དོན་བཅས་བར་མ་ཆད་པའི་ངང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྙེག་པར། བསམ་པའི་སྟོབས་ཤུགས་འཛད་མེད་ཅིག་འདོན་སྤྲོད་བྱས་ཡོད་ཅིང་། མི་སེམས་གོང་བུ་གཅིག་གྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེངས་ཡོད་པས། དེ་ནི་དཀའ་ངལ་ལས་རྣམ་པར་རྒྱལ་པ་དང་རྒྱལ་ཁ་ལེན་པར་མཁོ་བའི་བསམ་བློའི་ངར་ཤུགས་ཡིན། ང་ཚོས་ངེས་པར་དུ་རླབས་ཆེ་བའི་དམར་དམག་རྒྱང་སྐྱོད་ཀྱི་བསམ་བློའི་དགོངས་སྙིང་དང་སྙིང་རུས་ཆེན་པོ། གཞོམ་མེད་ངར་ཤུགས། ཡིད་རྟོན་འགྱུར་མེད་བཅས་རང་རྒྱུད་དུ་བླངས་ནས། དུས་རིམ་གསར་བའི་འོག་ཏུ་འཕེལ་རྒྱས་ཀྱི་ལོ་རྒྱུས་གསར་བ་འབྲི་བར་འབད་འབུངས་བྱེད་དགོས་ཟེར།

      ཝང་གོ་ཧྲིན་གྱིས་བསྟན་དོན། དམར་དམག་རྒྱང་སྐྱོད་ཀྱི་རླབས་ཆེན་ལོ་རྒྱུས་སྙན་རྩོམ་འདི་ལ་མཚོ་སྔོན་གྱིས་ཀྱང་བཀྲག་མདངས་བྱུགས་ཡོད་པས། ང་ཚོར་ང་རྒྱལ་དང་སྤོབས་པ་ཆེན་པོ་སྐྱེས་ཆོག་ཆོག་ཡིན། ང་ཚོས་དམར་དམག་རྒྱང་སྐྱོད་ཀྱི་བླ་མེད་གསར་བརྗེ་སྲོལ་རྒྱུན་དར་སྤེལ་དང་རྒྱུུན་འཛིན་བྱས་ཏེ། རླབས་ཆེན་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་ཉིད་བསམ་བློ་དང་སྦྱོར་བ་དངོས་ཀྱི་དད་རྟེན་དུ་བཀུར་ནས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ལས་རིགས་ཀུན་ལ་རྣམ་པ་གསར་བ་ཞིག་མངོན་པར་འབད་དགོས། གསར་བརྗེ་ཕུགས་བསམ་གྱི་དད་མོས་འགྱུར་མེད་ཡིད་ལ་བཅངས་ནས། རང་རྟོན་བཞི་ཁ་མིན་དོན་གྱིས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་རབས་དང་རིམ་པ་བསམ་བློའི་དྲག་ཆས་དང་མཛུབ་སྟོན་བསམ་བློ་རུ་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཉིད་མཚོ་སྔོན་གྱི་ས་གཞིའི་སྟེང་ནས་མངོན་དུ་འགྱུར་བར་གསོན་ཤུགས་གསར་བ་བསྩོལ་དགོས་ཟེར།

      བཞུགས་མོལ་ཚོགས་འདུའི་སྟེང་དུ། དམར་དམག་རྒན་རབས་པ་དང་། པུའུ་དང་རུ་དཔུང་གི་དཔོན་དམག ཏང་གི་ལོ་རྒྱུས་ཀྱི་བྱ་བ་བྱེད་མཁན། སྤྱི་ཚོགས་ཚན་རིག་གཞུང་ལུགས་སྡེ་ཡི་འཐུས་མི། པདྨ་རྫོང་ཏང་ཨུའི་འགན་ཁུར་མི་སྣ་བཅས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད།

       མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཝང་ཞའོ་དང་བསྟན་ཁོ། ཀྲང་ཞི་མིན། ཝང་ཡུས་པའོ། ཧུའུ་ཁྲང་ཧྲིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཡང་ཧྥིན་ཁྲོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན་ཏུང་ཁེ་ཅོན། ཞིང་ཆེན་དམག་ཁུལ་ཆབ་སྲིད་ཨུ་ཡོན་ལིས་ཉིན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་ཡང་ཞུང་ཨེ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། པདྨ་རྫོང་གི་འགན་ཁུར་བློ་མཐུན། དམར་དམག་རྒན་རབས་པའི་ཁྱིམ་མིའི་འཐུས་མི། བཅིངས་འགྲོལ་དམག་མི། དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་མི། ཏང་གི་ལོ་རྒྱུས་ཀྱི་བྱ་བ་བྱེད་མཁན་འཐུས་མི། སྤྱི་ཚོགས་ཚན་རིག་གཞུང་ལུགས་སྡེ་ཡི་འཐུས་མི། མཐོ་རིམ་དང་ཆེད་སྤྱོད་སློབ་གྲྭའི་སློབ་མའི་འཐུས་མི་སོགས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།   །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 22:04 , Processed in 0.051503 second(s), 20 queries .

返回顶部