日志

༄༅།།མཚོ་སྔོན་གྱི་དམངས་འཚོའི་དོན་དངོས་བཅུ ...

已有 567 次阅读2016-10-23 07:34 |系统分类:传媒



              ༄༅།།མཚོ་སྔོན་གྱི་དམངས་འཚོའི་དོན་དངོས་བཅུའི་ཁྲོད་ཀྱི་སྲིད་ཇུས13ཚང་མ་དངོས་འབེབས་དོན་འཁྱོལ་བྱས་པ།

                                 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།


                              

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དམངས་འཚོའི་དོན་དངོས་བཅུ་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་དུ་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཕུལ་བའི་བརྗིད་ཉམས་ལྡན་པའི་ཁས་ལེན་དམ་བཅའ་རེད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ལོ་མགོར་གཏན་འཁེལ་བྱས་པའི་མཁར་གྲོང་རྒན་གསོ་དང་མ་མཐའི་འགན་སྲུང་། སྨན་བཅོས་འགན་སྲུང་། དམངས་འཚོའི་སྲིད་ཇུས13པོ་ཚང་མ་དངོས་འབེབས་དོན་འཁྱོལ་བྱས་པ་དང་ལོ་འདིའི་ནང་མ་དངུལ་སྒོར་དུང་ཕྱུར8.7གསར་འཕར་བྱུང་བ་དང་། ཁ་གསབ་རོགས་དངུལ་སྣ་ཚོགས་གཅིག་ཀྱང་མ་ལུས་པར་ས་གནས་སོ་སོར་བཀྲམ་ཟིན་ལ། སྲིད་ཇུས་སྣ་ཚོགས2016ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

       སློབ་གསོ་དམངས་ཕན་ཕྱོགས་ནས།  ལོ་ངོ15རིང་དུ་རིན་མིད་སློབ་གསོ་སྲིད་ཇུས་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། འབྲིང་རིམ་ལས་རིགས་སློབ་གྲྭའི་ལོ་རེར་སློབ་མ་རེའི་སྤྱི་སྤྱོད་གྲོན་དངུལ་ཚད་གཞི་སྒོར600རེ་ཇེ་མཐོར་བཏང་ནས་སྒོར3200ལ་སླེབས། དུས་མཚུངས་སུ། རྒྱལ་ཁབ་ཀྱི་རེ་བ་ལྟར་ལོ་གཅིག་གི་སྔོན་དུ་མཐོ་རིམ་ལས་རིགས་སློབ་གྲྭ་བཙུགས་པའི་སློབ་མ་རེའི་ཆ་སྙོམས་ཀྱི་ནོར་སྲིད་དངུལ་གཏོང་ལམ་ལུགས་དང་བསྡུར་ན། སློབ་མ་རེར་ནོར་སྲིད་ལས་དངུལ་གཏོང་བྱས་པ་སྒོར12000ལ་སླེབས།

       ལོ་ལོན་རྒན་པའི་སྤྱི་ཚོགས་འགན་སྲུང་དང་དམིགས་བསལ་གཟིགས་སྐྱོང་ཕྱོགས་ནས། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་དངུལ་དེ་ཟླ་རེར་མི་རེ་ལ་ཆ་སྙོམས་ཀྱིས་སྒོར15རེ་འཕར་སྣོན་བྱས་ཏེ་སྒོར140ལ་སླེབས་ཤིང་། དེས་ནུབ་བྱང་གི་ཨང་དང་པོ་དང་རྒྱལ་ཡོངས་ཀྱི་ཨང་ལྔ་པ་ཟིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཁྲི46.7ལ་འབྲེལ་ཡོད། དགུང་ལོ་མཐོ་བའི་ཁ་གསབ་ཚད་གཞི་ཟླ་རེར་མི་རེ་ལ་ཆ་སྙོམས་ཀྱིས་སྒོར20རེ་འཕར་སྣོན་བྱས། དེའི་ཁྲོད་ལོ70ནས་ལོ79ཅན་གྱི་རྒན་པར་སྒོར90ལ་ཇེ་མཐོར་བཏང་།  ལོ80ནས་ལོ89ཅན་གྱི་རྒན་པར་སྒོར100རུ་ཇེ་མཐོར་བཏང་།  ལོ90ནས་ལོ99ཅན་གྱི་རྒན་པར་སྒོར120རུ་ཇེ་མཐོར་བཏང་། ལོ100ཡན་གྱི་རྒན་པར་སྒོར160རུ་ཇེ་མཐོར་བཏང་།

       དམངས་ཡོངས་བདེ་ཐང་གི་ཕྱོགས་ནས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་སྲུང་གྲབས་དངུལ་ཚད་གཞི་གཅིག་གྱུར་གྱིས་སྒོར60ཇེ་མཐོར་བཏང་ཞིང་། སྒོར610རུ་སླེབས་པ་དང་། རྒྱལ་ཁབ་ཀྱི་ཚད་གཞི་ལས་སྒོར40ཡིས་མཐོ་བ་རེད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེར་ཆ་སྙོམས་ཀྱིས་རོགས་དངུལ་ཚད་གཞི་སྒོར5རེ་ཇེ་མཐོར་བཏང་སྟེ་སྒོར50རུ་སླེབས་ཤིང་། རྒྱལ་ཁབ་ཀྱི་ཚད་གཞི་ལས་སྒོར5ཡིས་མཐོ་བ་རེད།

       མཁར་གྲོང་གི་དཀའ་ཁག་ཆེ་བའི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཕྱོགས་ནས། གྲོང་ཁྱེར་གྱི་མ་མཐའི་འགན་སྲུང་ཟླ་རེར་མི་རེ་ལ་ཆ་སྙོམས་ཀྱི་ཚད་གཞི་སྒོར30རེ་ཇེ་མཐོར་བཏང་ཞིང་། སྒོར400རུ་སླེབས། ཞིང་སྡེའི་མ་མཐའི་འགན་སྲུང་ལོ་རེར་མི་རེ་ལ་ཆ་སྙོམས་ཀྱི་ཚད་གཞི་སྒོར570རེ་ཇེ་མཐོར་བཏང་ཞིང་། སྒོར2970རུ་སླེབས། ཞིང་སྡེའི་མ་མཐའི་འགན་སྲུང་གི་ཚད་གཞི་དང་དབུལ་སྐྱོར་ཚད་གཞིའི“ཕྱོགས་གཉིས་ཟུང་འབྲེལ”མངོན་འགྱུར་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་མ་མཐའི་འགན་སྲུང་བྱ་ཡུལ་ཁྲི་ཚོ70ལྷག་གི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་ཐུབ་པ་བྱུང་།

       བུ་ཕྲུག་ཁེར་སྐྱེས་ཁྱིམ་ཚང་ལ་དམིགས་བསལ་རོགས་སྐྱོར་གྱི་ཕྱོགས་ནས། བུ་ཕྲུག་ཁེར་སྐྱེས་ཤི་བའི་ཁྱིམ་ཚང་ལ།མཁར་གྲོང་ནས་སོ་སོར་སྒོར4080དང་སྒོར2040གཅིག་གྱུར་གྱིས་སྒོར8000ལ་ཇེ་མཐོར་བཏང་། བུ་ཕྲུག་ཁེར་སྐྱེས་རྨས་པའི་ཁྱིམ་ཚང་ལ། མཁར་གྲོང་ནས་སོ་སོར་སྒོར3240དང་སྒོར1800གཅིག་གྱུར་གྱིས་སྒོར6000ལ་ཇེ་མཐོར་བཏང་། དུས་མཚུངས་སུ། བུ་ཕྲུག་ཁེར་སྐྱེས་ཤི་བའི་ཁྱིམ་ཚང་ལ་སྟེར་ཐེངས་གཅིག་གིས་གཟིགས་སྐྱོང་དངུལ་སྟེར་བའི་ལམ་ལུགས་བཙུགས་ནས། བུ་ཕྲུག་ཁེར་སྐྱེས་ཤི་བའི་ཁྱིམ་ཚང་གི་མི་རེ་རེར་སྒོར5000གི་ཁ་གསབ་རོགས་དངུལ་བྱིན།  །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 22:21 , Processed in 0.052360 second(s), 20 queries .

返回顶部