日志

༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ ...

已有 352 次阅读2016-10-20 08:33 |系统分类:传媒


                      ༄༅།།མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བའི་གྲོས་ཚོགས་བསྡུས།
                                      ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

                             

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་ནན་མོ་དང་། བྱ་བར་སྤྱི་སྡོམ། ཉམས་མྱོང་བརྗེ་རེས། འགན་འཁྲི་གསལ་སྟོན་བཅས་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་གནས་བབ་གསར་བའི་འོག་གི་གྲོང་ཁྱེར་གྱི་མི་རིགས་བྱ་བར་ཤུགས་བསྣན། གྲོས་ཚོགས་མ་བསྡུས་པའི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བར་བླང་བྱ་ནན་མོ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་བསྟན་ཁོས་ཐེངས་འདིའི་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ཧན་ཅིན་ཧྭ་ཡིས་ཚོགས་ཐོག་ནས་གཏམ་བཤད།

      ཝང་གོ་ཧྲིན་གྱིས་བསྟན་དོན། བར་མ་ཆད་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བ་གཏིང་ཟབ་དུ་སྤེལ་བ་དང་། མཁར་གྲོང་གཞིས་ཁུལ་འཛུགས་སྐྲུན་བྱ་བ་རྒྱུན་ཆད་མེད་པའི་ངང་ཡར་ལྡན་དུ་སྤེལ་དགོས། གྲོང་ཁྱེར་འཕེལ་རིམ་ཁྲོད་ཀྱི་མཉམ་འཛུགས་མཉམ་སྤྱོད་ཁ་མིན་དོན་གྱིས་དམ་པོར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་མི་རིགས་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་ཟེར།

      ཧའོ་ཕིན་གྱིས་བསྟན་དོན། མི་གཞི་རྩ་ཡིན་པའི་མཁར་གྲོང་ཅན་གྱི་རྣམ་པ་གསར་འཛུགས་བྱ་བ་ཤུགས་ཆེན་པོས་སྤེལ་དགོས་པ་དང་། གྲོང་ཁྱེར་མི་རིགས་སོ་སོའི་སྡོད་དམངས་ཀྱི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མངོན་གསལ་མཐོར་འདེགས་བཏང་བ་བརྒྱུད། ཧུར་བརྩོན་ཆེན་པོས་མཚོ་སྔོན་གྱི་གྲོང་ཁྱེར་མི་རིགས་བྱ་བ་རྣམ་པ་གསར་བ་ཞིག་ཏུ་བསྐྲུན་པར་འབད་དགོས་ཟེར།

      གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་གནས་སྟངས་ལ་གོ་བ་ཡང་དག་ལོན་པར་བྱེད་པ་དང་དེའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་འདྲོངས་བར་བྱེད་པ། བྱ་བའི་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ། ཁྲིམས་ལྟར་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་རྒྱུ་བཅས་ཆོས་ཉིད་དུ་བརྩིས་ཏེ། མི་རིགས་གྲངས་ཉུང་གི་མི་གྲངས་འཁོར་རྒྱུག་ལ་ཞབས་ཞུ་དང་དོ་དམ་བྱེད་རྒྱུ་འགན་འཁྲི་གཙོ་བོར་བཟུང་ནས། གཞིས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རྨང་གཞིར་འཛིན་དགོས། འགལ་བ་འདུམ་འགྲིག་དང་འགལ་བ་སེལ་རྒྱུ་ནང་དོན་གཙོ་བོར་འཛིན་དགོས། མཁར་གྲོང་ཅན་གསར་འཛུགས་བྱ་བ་གནད་སར་བཟུང་ནས། རྩ་འཛུགས་ལག་བསྟར་ཕྱི་བཤོལ་མེད་པ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་བའི་རྣམ་པ་འཐུས་ཚང་ཡོང་བར་འབད་དགོས་ཤིང་། བདེ་ཐང་གི་གྲོང་ཁྱེར་མི་རིགས་བྱ་བའི་མགོ་ཁྲིད་ལམ་ལུགས་དང་མཉམ་འགུལ་ལམ་ལུགས། དམིགས་འབེན་དཔྱད་ཞིབ་མ་ལག་བཅས་ཆ་ཚང་བཙུགས་ནས། རིགས་དབྱེའི་སྲིད་ཇུས་ལག་བསྟར་ལ་དོ་སྣང་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། སྙོམ་སྒྲིག་འདེགས་སྐྱོར་བཟང་བོར་བསྒྲུབ་མཐར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བ་སྟོབས་དང་ལྡན་པའི་སྒོ་ནས་དངོས་འབེབས་དོན་འཁྱོལ་བྱེད་ཐུབ་དགོས་པ་བསྟན། ཚོགས་ཐོག་ནས་ད་དུང་གྲོང་ཁྱེར་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།    །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 23:24 , Processed in 0.050340 second(s), 20 queries .

返回顶部