博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་པར་ག ...

已有 388 次阅读2016-10-16 11:38 |系统分类:经济


             ༄༅།།མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་པར་གྲོང་ཁྱེར་དུ་ཁྱིམ་གཞིས་འཛུགས་པའི་དངུལ་བུན་སྒོར་ཁྲི4328བཏང་བ།
                                       ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར།

                               

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ཀྲུང་གོའི་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས། མཚོ་སྔོན་ཞིང་ཆེན་གྱི་ཁང་གཞིས་ཐད་ཀྱི་མཛོད་འཇུག་ཇེ་ཉུང་དུ་གཏོང་བ་དང་། སྤྱིལ་ཁྱིམ་སྒྱུར་བཀོད་སོགས་ཀྱི་ཁྱབ་ཁོངས་སུ་འཐབ་ཇུས་མཉམ་ལས་ཁྱོན་ཡོངས་ནས་སྤེལ་རྒྱུ་ཐག་བཅད། མཉམ་ལས་གྲོས་མཐུན་ལྟར་ན། ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་དང་མཐུན་པའི་ཆ་རྐྱེན་འོག་ཏུ། ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་བུན་ལེན་པའི་ཆ་རྐྱེན་ཇེ་དམའ་རུ་གཏོང་བ་དང་གཟིགས་སྐྱོང་བརྗེ་ཐང་ལག་ཏུ་བསྟར་བ། ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་ཐོག་མར་བཀོད་སྒྲིག་བྱེད་པ་བཅས་ཀྱིས་ཞིང་པ་ལས་མི་དང་གྲོང་ཁྱེར་དུ་ཁྱིམ་གཞིས་འཛུགས་པའི་རོང་འབྲོག་པར“ཞིང་པའི་ཁྱིམ་གཞིས་འཛུགས་པའི་དངུལ་བུན”བཏང་། ཟླ8པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་བསྡོམས་པས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“ཞིང་པའི་ཁྱིམ་གཞིས་འཛུགས་པའི་དངུལ་བུན”ལེན་པའི་ཁྱིམ་ཚང174ལ་མ་དངུལ་སྒོར་ཁྲི4328བཏང་།

       རྒྱུས་ལོན་བྱས་པ་ལྟར་ན། ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“རོང་འབྲོག་པའི་ཁྱིམ་གཞིས་འཛུགས་པའི་དངུལ་བུན”གྱི་དངུལ་བུན་ཐོན་རྫས་དྲིལ་སྒྲོག་དང་ཁྱབ་གདལ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཡོང་སྒོ་ཙག་ཙིག་ངོས་འཛིན་གཏན་འཁེལ་དང་། དངུལ་བུན་ལེན་པའི་ཆ་རྐྱེན་ཇེ་དམའ་རུ་གཏོང་བ། དངུལ་བུན་འཇལ་བའི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱས་ཏེ། ཐོག་མར་འཇལ་བའི་བསྡུར་ཚད་དེ་སྔོན་མའི30%ནས20%ཇེ་དམའ་རུ་གཏོང་བ་དང་སྐྱེད་ཀ་གཟིགས་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁང་གཞིས་མཛོད་འཇུག་ཚད་ཇེ་ཉུང་དུ་གཏོང་བའི་བྱ་བར་སྐུལ་འདེད་བཏང་། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-21 14:51 , Processed in 0.280098 second(s), 21 queries .

返回顶部