日志

༄༅།།ཞི་ཅིན་ཕེན་གྱིས་ཕུ་ཐོ་ཡའི་ཙུང་ལི་ཁི་ ...

已有 305 次阅读2016-10-10 09:50 |系统分类:传媒


                                  ༄༅།།ཞི་ཅིན་ཕེན་གྱིས་ཕུ་ཐོ་ཡའི་ཙུང་ལི་ཁི་སི་ཐ་ལ་མཇལ་འཕྲད་གནང་།
                                         ཡོང་ཁུངས། མཚོམ་སྔོན་བོད་སྐད་རླུང་འཕྲིན།

              
         

      རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕུ་ཐོ་ཡའི་ཙུང་ལི་ཁི་སི་ཐ་ལ་མཇལ་འཕྲད་གནང་།


       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕུ་ཐོ་ཡའི་ཙུང་ལི་ཁི་སི་ཐ་ལ་མཇལ་འཕྲད་གནང་།

      ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་བདུན་གྱི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་དང་བརྩི་འཇོག་བྱས་པ་དང་ཕན་ཚུན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཕུ་ཐོ་ཡའི་མཐོ་རིམ་མགོ་ཁྲིད་པས་འབྲེལ་འདྲིས་བྱས་པ་མང་ཞིང་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་། མི་གཞུང་བརྗེ་རེས་རྒྱ་སྐྱེད་ཅིང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་མཐུན་སྦྱོར་དམ་པོ་བྱས་པས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ཟེར།

      ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་ཁྱབ་ཁོངས་སུ་མཉམ་ལས་བྱེད་པར་བར་སྟོང་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་ཡིན། ཕུ་ཐོ་ཡ་ཕྱོགས་ཀྱིས་ནུས་པ་ཆེན་པོ་བཏོན་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

       ཁི་སི་ཐ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕུ་ཐོ་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་ཕྱོགས་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་སྲུང་འཛིན་བྱས་ཤིང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་སོང་བར་མ་ཟད་སྣ་མང་ཁྱབ་ཁོངས་སུ་འབྲེལ་འདྲིས་དང་མཉམ་ལས་བཟང་བོ་བྱས། ཕུ་ཐོ་ཡ་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་བཞིན་ཡོད་ཟེར། 

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བལཞས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 21:41 , Processed in 0.050315 second(s), 20 queries .

返回顶部