日志

༄༅།།ཨོ་པཱ་མཱ་ཡིས་ཨ་མེ་རི་ཁས་འབར་མའི་བཀག་ ...

已有 327 次阅读2016-10-10 09:43 |系统分类:传媒


                           ༄༅།།ཨོ་པཱ་མཱ་ཡིས་ཨ་མེ་རི་ཁས་འབར་མའི་བཀག་སྡོམ་མེད་པར་བཏང་བ་ཁྱབ་སྒྲོག་བྱས།
                                          ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།

                        

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བདུན་ཉིན་སྲིད་འཛིན་བཀའ་རྒྱ་བཏང་སྟེ། ཨ་མེ་རི་ཁས་འབར་མར་དམིགས་པའི་རྒྱལ་ཁབ་འཕྲལ་སྒྲུབ་བཅའ་ཁྲིམས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་མ་ཟད། འབར་མའི་འབྲེལ་ཡོད་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་འབར་མར་དམིགས་པའི་རྒྱལ་ཁབ་འཕྲལ་སྒྲུབ་བཅའ་ཁྲིམས་ལག་བསྟར་བྱེད་མཚམས་བཞག་རྗེས། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ལྟ་རྟོག་དོ་དམ་འོག་གི་འབར་མའི་དཔལ་འབྱོར་དང་དངུལ་ལོར་དམིགས་པའི་བཀག་སྡོམ་བྱེད་ཐབས་དག་ནུས་མེད་དུ་འགྱུར་སྲིད་ཟེར།

      ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཚབ་མ་ཧྲུའུ་པེན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། འབར་མའི་དཔལ་འབྱོར་དང་དངུལ་ལོར་གྱི་བཀག་སྡོམ་མེད་པར་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་འབར་མའི་ཉོ་ཚོང་དང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་མུ་མཐུད་དུ་འབར་མའི་ཕྱོགས་དང་མཉམ་ལས་བྱེད་རྒྱུ་ཡིན་ལ། སྟོབས་དང་ལྡན་པའི་ནག་དངུལ་དཀར་བརྗེ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་འབར་མའི་དངུལ་ལོར་མ་ལག་གི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

      ཟླ་དགུ་བའི་ཚེས་བཅུ་བཞིའི་ཉིན། ཨོ་པཱ་མཱ་ཡིས་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་འབར་མའི་རྒྱལ་དོན་སྲིད་འཛིན་ཨང་ཧྲན་སུའུ་ཅི་ལ་ཐུག་འཕྲད་བྱས་རྗེས་བསྟན་དོན། ཨ་མེ་རི་ཁས་མི་འགྱངས་པར་དུས་ཡུན་རིང་བོར་འབར་མར་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་རྒྱུ་ཡིན་ཟེར།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 21:49 , Processed in 0.050449 second(s), 20 queries .

返回顶部