博客西藏在最高处过一种生活

日志

༄༅།།རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོབ་ ...

已有 348 次阅读2016-10-4 09:43 |系统分类:经济


          ༄༅།།རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་འབྲོག་དམངས་ཁྲི་བཅུ་ལ་ཉེ་བས་ལག་གི་འུར་ཆ་བསྐྱུར་ནས་ལས་སྐྲུན་བྱས།
                                         ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

                               

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་དང་པོ་དང་། བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་གཞི་གཅིག་ཅན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས་སོགས་སྲིད་ཇུས་ཀྱི་གཏན་འབེབས་རབས་དང་རིམ་པ་ཞིག་དངོས་འབེབས་བྱས་ནས། རྨ་འབྲི་རྫ་གསུམ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཁག་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་བ་བརྒྱུད། ས་གནས་ཀྱི་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པའང་སྔར་ལས་སྲ་བརྟན་དུ་བཏང་ཡོད། མིག་སྔར་རྨ་འབྲི་རྫ་གསུམ་ས་གནས་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་དྲུག་དང་ལྔ་བརྒྱ་རེ་ལྔ་ལ་སླེབས་ཡོད་ཅིང་། དུས་ཡུན་ལོ་ངོ་བཅུའི་ནང་དུ་ལོ་རེར་ཆ་སྙོམས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་བཞི་འཕར་སྣོན་བྱུང་། ལོ་ངོ་བཅུའི་ནང་དུ་ས་གནས་འབྲོག་དམངས་ཁྲི་བཅུ་ལ་ཉེ་བས་ལག་གི་འུར་ཆ་བསྐྱུར་ནས་ལས་སྐྲུན་བྱ་བའི་ཁྲོད་ཞུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འབྱོར་འབྲིང་བགྲོད་ལམ་གསར་བའི་སྟེང་གོམ་སྟབས་བྲེལ་མྱུར་ངང་སྐྱོད་ཀྱིན་ཡོད།

      མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཤུགས་འདོན་ས་གཙོ་བོ་ཞིག་ཡིན་པའི་ཆ་ནས། རྨ་འབྲི་རྫ་གསུམ་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་ཀུན་གྱི་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་ཅིང་། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔུན་ལ་རྨ་འབྲི་རྫ་གསུམ་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཚོལ་དཔྱོད་གསར་འཛུགས་སྐོར་གྱི་བསམ་འཆར་ཞེས་པ་གཏན་འབེབས་བཟོས་ཏེ། ཉིས་སྟོང་དྲུག་ལོ་ནས་བཟུང་རྨ་འབྲི་རྫ་གསུམ་གྱི་ས་ཁུལ་གཙོ་བོའི་རྒྱལ་དམངས་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་བྱ་བ་མེད་པར་བཟོས་ནས། སྐྱེ་ཁམས་ཁ་གསབ་སྲིད་ཇུས་བཅུ་གཅིག་གཏན་འབེབས་བྱས། དུས་མཚུངས་སུ། རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོབ་རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་ཐེབས་རྩ་བཙུགས་ཏེ། མང་ཚོགས་ལས་གཞིའི་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས། ལོ་ངོ་བཅུའི་རིང་ལ། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། འཕེལ་རྒྱས་མགྱོགས་མྱུར་གཏོང་བ་བཅས་གཞི་གཅིག་ཅན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་གི་ལམ་ནས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་གཞི་གཅིག་ཅན་གྱི་རྣམ་པ་བཟང་བོ་མངོན་འགྱུར་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། ཕྱུགས་ལས་ཀྱི་ཉེན་འགོག་ཉེན་སེལ་བྱེད་ནུས་མཐོ་རུ་བཏང་ནས། ས་གནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཇེ་བཟང་ལ་བཏང་ཡོད་པའི་ཁར། ལམ་བགྲོད་དཀའ་བ་དང་སློབ་གྲྭར་འགྲོ་དཀའ་བ། སྨན་བཅོས་བྱེད་དཀའ་བ་བཅས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཡག་པོ་བྱས་ཡོད།

       མིག་སྔའི་བར་དུ། མཉམ་ལས་ཁང་གིས་ནོར་རྩིད་ཀྱིས་བཟོས་པའི་སྦྲ་ནག་ཉིས་བརྒྱ་བཙོངས་ཟིན་པ་དང་། སྦྲ་ནག་རེར་རིན་གོང་སྒོར་སྟོང་ལྔ་ནས་ཁྲི་གཅིག་ལ་ཉེ་བ་ཙམ་ཡིན། ལོ་ངོ་གཅིག་གི་ནང་དུ། མི་རེར་སྒོར་ཁྲི་གཉིས་བགོས་ཡོད།

       ཡུལ་གཞན་ལ་གནས་སྤོར་བ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྐྱེ་ཁམས་ཕྱུགས་ལས་སོགས་སྲིད་ཇུས་་མང་པོ་ལག་བསྟར་བྱས་པ་བརྒྱུད་དེ། རྨ་འབྲི་རྫ་གསུམ་གྱི་ས་གནས་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་བྱེད་ཐབས་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པར་མ་ཟད། འཚོ་བའི་ཆུ་ཚད་མངོན་གསལ་ཇེ་མཐོར་སོང་སྟེ། རྨ་འབྲི་རྫ་གསུམ་ས་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་སྲིད་ཇུས་རབས་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། ལས་དོན་ཁག་སོ་སོ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པར་མ་ཟད། ས་གནས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།    །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-8-15 00:11 , Processed in 0.281835 second(s), 21 queries .

返回顶部