博客西藏在最高处过一种生活

日志

༄༅།།རྨ་ཆེན་གནམ་གྲུ་ཐང་གི་ཞི་ཨན་ནས་མགོ་ལོ ...

已有 345 次阅读2016-9-29 06:19 |系统分类:经济


                       ༄༅།།རྨ་ཆེན་གནམ་གྲུ་ཐང་གི་ཞི་ཨན་ནས་མགོ་ལོག་རྨ་ཆེན་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།
                                           ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།

                          


       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས27ཉིན་གྱི་དུས་ཚོད10དང་སྐར་མ5ཡི་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་གནམ་གྲུ་ཐང་གི་ཞིང་ཆེན་ཕྱིའི་མཁའ་ལམ་ཐོག་མ་ཤར་གཏོང་བྱས་པ་དང་། དེ་ནི་ཞི་ཨན་ནས་ཟི་ལིང་དང་རྨ་ཆེན་བར་གྱི་མཁའ་ལམ་རེད།

       རྨ་ཆེན་གནམ་གྲུ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་མཁའ་ལམ་སྐྱེལ་འདྲེན་གྱིས་གསར་དུ་བཙུགས་པའི་ཚད་གཞི་ཆེས་མཐོ་བའི་གནམ་གྲུ་ཐང་ཞིག་ཡིན་ལ། དེས་མགོ་ལོག་དང་ནུབ་བྱང་ས་ཁུལ་གྱི་གྲོང་ཁྱེར་ཆེན་པོའི་ཁག་བར་དང་།  ཡུལ་སྐོར་ལྗོངས་རྒྱུ། དར་གོས་ཚོང་ལམ་གྱི་དཔལ་དབྱོར་ལྟེ་གནས་ཞི་ཨན་སོགས་སུ་སྒོ་ཕྱེ་ཐུབ་པ་བྱུང་བ་དང་།མཁའ་ལམ་འདིས་མགོ་ལོག་ས་ཁུལ་གྱི་མི་དང་དངོས་བོ་མགྱོགས་མྱུར་ངང་ཕྱིར་སྐྱེལ་ནང་འདྲེན་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། མགོ་ལོག་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་ཡོད་པ་རེད།

      མཚོ་སྔོན་ཞིང་ཆེན་གྱི་ཡན་ལག་གནམ་གྲུ་ཐང་གསུམ་པ་སྟེ་རྨ་ཆེན་གནམ་གྲུ་ཐང་ལག་བསྟར་བྱས་པ་ནས་བཟུང་། ཉིན་རེར་འཕུར་ཐེངས་གཅིག་དང་རིན་གོང་དམའ་བའི་མཁའ་འགྲུལ་གྱིས་མགོ་ལོག་མང་ཚོགས་ལ་སྟབས་བདེ་བའི་འགྲིམ་འགྲུལ་འདོན་སྤྲོད་བྱས་ཡོད་དེ། སྔོན་ཆད་ཟི་ལིང་ནས་མགོ་ལོག་ལ་དུས་ཚོད6གི་ལམ་ཐག་དེ་ད་ལྟ་སྐར་མ50ཙམ་གྱིས་འབྱོར་ཐུབ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-7-19 21:45 , Processed in 0.278871 second(s), 21 queries .

返回顶部