博客西藏在最高处过一种生活

日志

༄༅།།བོད་ཀྱི་ཞིང་འབྲོག་པ་ཁྲི་10ཙམ་གྱིས་ཡུལ ...

已有 424 次阅读2016-9-19 08:46 |系统分类:经济


                      ༄༅།།བོད་ཀྱི་ཞིང་འབྲོག་པ་ཁྲི་10ཙམ་གྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་བ།
                                     ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 

                
 

      གསར་འགོད་པས་ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་ལ་བརྟེན་ནས་ལས་ཞུགས་ཐུབ་པའི་མི་འབོར་ཁྲི་32ཟིན་པའི་ནང་ཞིང་འབྲོག་པ་ཁྲི་9.7ལྷག་ཡོད་པ་དང་། ཞིང་འབྲོག་པའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.03རག་གི་ཡོད་པ་རེད།

      བོད་ལྗོངས་ཀྱི་ས་མཐོའི་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་ལ་བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་ཆུ་ཚད་མཐོན་པོ་མིན་ནའང་། ཁྱད་ཆོས་དམིགས་བསལ་ལྡན་པའི་རི་ཆུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ལེགས་ཆ་ལས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཆགས་ཡོད། ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་བསྟུན་ནས་བོད་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཞིང་འབྲོག་པ་ཁག་གཅིག་ཀྱང་ཡུལ་སྐོར་ལས་རིགས་ནང་ལས་ཞུགས་ཐུབ་ཡོད་པ་རེད།

      ད་ཆ་བོད་དུ་ཞིང་འབྲོག་པས“ཡུལ་སྐོར་ལས་ཀ”སྒྲུབ་པ་ནི་སྔ་ས་ནས་དོན་དག་གསར་པ་གང་ཡང་མིན། བོད་བྱང་ཐང་དུ་འབྲོག་པ་མང་པོས་གུར་བརྒྱབ་ནས“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”གཉེར་ཏེ་ཡུལ་སྐོར་བར་རྩྭ་ཐང་གི་ལྷད་མེད་བཟའ་བཅའ་མཁོ་སྤྲོད་དང་ཡུལ་སྐོར་བ་རྩྭ་ཐང་དུ་ཁྲིད་ཅིང་། “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲི་རུ་ཞིང་པ་སྔར་བས་མང་པོས“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་ནས་ཡུལ་སྐོར་བར་མེ་ཕུང་མདུན་དུ་བོད་ཕག་གི་ཤ་ལོངས་སུ་སྤྱོད་དུ་བཅུག་པ་སོགས་བྱས་པས་ཁོ་ཚོའི་ཡོང་འབབ་སྔར་བས་ཇེ་མང་དུ་གྱུར།

      བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་སུང་ཕིང་གིས་ཞིང་འབྲོག་པ་རྣམས་ཡུལ་སྐོར་ཐོན་ལས་ནང་ཞུགས་ཚད་ཆེ་རུ་གཏོང་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ད་ལྟའི་བར་ལྗོངས་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཡུལ་སྐོར་དབུལ་སྐྱོར་གྱི་འཛུགས་སྐྲུན་རྣམ་གྲངས་ཐད་ཀྱི་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་6ཟིན་པ་དང་རྣམ་གྲངས་ཁྱབ་འགྱེད་ཀྱི་དབུལ་ཕོངས་མི་འབོར་ཁྲི་4ཟིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

      ད་ལོ་ལོ་ན་48ཡིན་པའི་སྟག་གདོང་གྲོང་ཚོའི་གྲོང་མི་ཚེ་རིང་དབང་འདུས་ཀྱི་ནང་མི་3གྱིས་སྔོན་ཆད་སོ་ནམ་བྱས་ཏེ་འཚོ་བ་སྐྱེལ་བ་དང་སྒོ་འགྲམ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ཡང་ཡོང་འབབ་ཕྲན་བུ་ལས་མེད། ཁོང་གིས་གྲོང་ཚོའི་ནང་གྲོང་གསེབ་ཡུལ་སྐོར་གཉེར་རྗེས་ནང་མི་གང་པོ་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པས་ཡུལ་སྐོར་བ་མང་བའི་དུས་སུ་ཟླ་རེར་ཡོང་འབབ་སྒོར་8000ཙམ་ཟིན་གྱི་ཡོད་ཅེས་བརྗོད།

      ཤེས་རྟོགས་བྱུང་བ་ལྟར་ན། འཆར་འགོད་གཞིར་བཟུང་བོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་550ཟིན་རྒྱུ་དང་། ཡུལ་སྐོར་དཔལ་འབྱོར་ནང་ལས་ཞུགས་ཐུབ་པའི་མི་འབོར་ཁྲི་50ཟིན་ནས་ཞིང་འབྲོག་པ་རྣམས་ཡུལ་སྐོར་ནང་ཞུགས་མཁན་ཁྲི་19ཟིན་རྒྱུ། ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་པའི་ལོར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་16000ཟིན་རྒྱུ་བཅས་ཐད་གཞོལ་རྒྱུ་ཡིན་པ་རེད།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2018-11-21 13:26 , Processed in 0.299084 second(s), 21 queries .

返回顶部