日志

༄༅།།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྐོར་ག ...

已有 233 次阅读2016-7-31 09:30 |系统分类:传媒

 
༄༅།།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྐོར་གསུམ་པའི་མཚོ་སྔོན་ལ་རོགས་སྐྱོར་
བྱེད་པའི་ལས་བྱེད་པ་ཉིས་བརྒྱ་དང་ང་གཅིག་ཟི་ལིང་དུ་ཐོན།
ཡོང་ཁུངས།  མི་དམངས་དྲ་བ།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། སྐོར་གསུམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་ཉིས་བརྒྱ་དང་ང་གཅིག་ཟི་ལིང་དུ་ཐོན། ཀྲུང་དབྱང་སྐྱེལ་མའི་ཚན་ཆུང་གི་ཚན་གཙོ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཞིན་ཁྲང་ཞིན་སོགས་གནམ་གྲུབ་ཅིག་ཏུ་ཟི་ལིང་དུ་ཐོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧུའུ་ཁྲང་ཧྲིན་གཉིས་གནམ་གྲུ་ཐང་དུ་སོང་སྟེ་བསུ་བ་ཞུས།

      སྐོར་གསུམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སོ་གསུམ་དང་། ཀྲུང་གོ་ལྕགས་ལམ་སྤྱིའི་ཀུང་ཟི་སོགས་ཀྲུང་དབྱང་ཁེ་ལས་བཅོ་བརྒྱད་དང་པེ་ཅིན་དང་ཧྲང་ཧེ་སོགས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་བཅས་ནས་ཡོང་བ་ཡིན། ཟླ་བརྒྱད་པ་ནས་བཟུང་། ཁོ་ཚོས་མཚོ་སྔོན་ནས་དུས་ཡུན་ལོ་གསུམ་རིང་གི་ཁ་གཏད་རོགས་སྐྱོར་བྱ་བ་སྒྲུབ་མགོ་རྩོམ་རྒྱུ་རེད། སྐོར་གསུམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་མཚོ་སྔོན་གྱི་ཁུལ་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་མགོ་ཁྲིད་པ་གཞོན་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་བསྐོ་འཇོག་བྱེད་རྒྱུ་མ་ཟད། ཁེ་ལས་ལས་དོན་སྡེ་ཁག་སོ་སོའི་དོ་དམ་གོ་གནས་དང་ཆེད་ལས་ལག་རྩལ་གོ་གནས་སྟེང་བསྐོ་འཇོག་བྱེད་རྒྱུ་རེད།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-30 23:47 , Processed in 0.048523 second(s), 20 queries .

返回顶部