日志

༄༅།།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་ད ...

已有 238 次阅读2016-7-31 09:25 |系统分类:传媒

 
༄༅།།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱི་བོད་ལྗོངས་དང་མཚོ་སྔོན་ལ་
ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་ལྷ་ས་དང་ཟི་ལིང་དུ་བསྐྱོད་པ།
ཡོང་ཁུངས།  མི་དམངས་དྲ་བ།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱི་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་ཐེངས་བརྒྱད་པ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་ཐེངས་གསུམ་པ་ཚེས27ཉིན་རྒྱལ་ས་པེ་ཅིན་གྱི་གནམ་གྲུ་འབབ་ཚིགས་སུ་སོ་སོར་ལྷ་ས་དང་ཟི་ལིང་དུ་བསྐྱོད།

        བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་ཐེངས་བརྒྱད་པ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་ཐེངས་གསུམ་པ་ལ་བསྡོམས་པས་མི1813ཡོད་པ་དང་། སྐོར་ཐེངས་སྔོན་མ་དང་བསྡུར་ན་གཞི་ཁྱོན་སྔར་ལས་ཆེ་བ་དང་བྱེད་ནུས་སྒྲིག་གཞི་སྔར་བས་ཇེ་ལེགས་སུ་སོང་སྟེ་ཕྱོགས་བསྡུས་སྤུས་ཚད་ཇེ་མཐོར་སོང་ཡོད། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་བསྡོམས་པས་མི1562ཡོད་པ་དང་། དེའི་ནང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་རོགས་སྐྱོར་མི་སྣ339ཡོད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་བསྡོམས་པས་མི251དང་། དེའི་ནང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་རོགས་སྐྱོར་མི་སྣ78ཡོད། ལས་རྐང་དང་ཆེད་ལས་ཕན་ཚུན་མཐུན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་དང་སློབ་གསོ་སོགས་ཐད་ཀྱི་ཆེད་ལས་འཇོན་མི་གཙོ་བོར་བཟུང་ནས་མངགས་གཏོང་བྱས་ཡོད་པ་དང་། བསྡོམས་པས་ཚོགས་པའི་རྣམ་པའི་བོད་སྐྱོར་སྨན་བཅོས་མི་སྣ179མངགས་ཡོད། མངག་གཏོང་བྱ་བའི་ཁྲོད་འབྲེལ་ཡོད་ལས་ཁུངས་སོ་སོས་ནན་ཏན་གྱིས་ཀྲུང་དབྱང་གི་དགོངས་དོན་དང་བླང་བྱ་གསར་བ་ལག་ལེན་མཐར་ཕྱིན་བྱས་ཏེ། བོད་ལྗོངས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དེ་ལས་བྱེད་མི་སྣ་གསོ་སྐྱོང་སྦྱོང་བརྡར་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་བརྩིས་ནས། བྱ་བའི་འདུ་ཤེས་བཅོས་སྒྱུར་དང་མངག་གཏོང་རྣམ་པ་བསྒྱུར་བཅོས་ཀྱིས་མི་སྣ་ལེགས་འདེམ་སྒོས་རོགས་སྐྱོར་མི་སྣའི་སྤུས་ཚད་ལ་ཁག་ཐེག་བྱས།

        བོད་ལྗོངས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་མགྱོགས་མྱུར་ངང་ལས་རྐང་དུ་ཞུགས་པ་དང་བདེ་བླག་ངང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་ལེགས་འགྲུབ་བྱ་ཆེད། ཟླ7པའི་ཚེས23ཉིན་ནས་ཚེས25ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་པེ་ཅིན་ནས་གསོ་སྦྱོང་འཛིན་གྲྭ་སྤེལ་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་མངག་གཏོང་བྱས་པའི་བོད་ལྗོངས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིར་གསོ་སྦྱོང་བྱས་ཤིང་། སྐོར་ཐེངས་གསར་བའི་ཁ་གཏད་རོགས་སྐྱོར་བྱ་བར་བཀོད་སྒྲིག་དང་བླང་བྱ་བཏོན་ལ། ཁ་གཏད་རོགས་སྐྱོར་མི་སྣས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་དགོངས་དོན་སྐོར་ལ་སློབ་སྦྱོང་བྱེད་པ་དང་། ཏང་གི་ཆབ་སྲིད་ཀྱི་རེ་བཅོལ་དང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་སེམས་ལ་བཅིང་ནས་ཧུར་བརྩོན་གྱིས་མཚོ་བོད་མཐོ་སྒང་དུ་བྱས་རྗེས་འཇོག་དགོས་པ་དང་། དཀའ་སྡུག་ས་ཁུལ་དུ་སྦྱོང་བརྡར་བྱས་ཏེ་རང་འགུལ་གྱིས་ཁ་གཏད་རོགས་སྐྱོར་མི་སྣའི་སྣང་བརྙན་ལེགས་པོ་བསྐྲུན་དགོས་པའི་སྐུལ་མ་བཏང་། གསོ་སྦྱོང་སྐབས་སུ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་སོགས་པུའུ་ཨུའི་འབྲེལ་ཡོད་བློ་མཐུན་གྱིས་བོད་ལྗོངས་དང་མཚོ་སྔོན་བོད་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ཐད་ནས་ཆེད་དོན་འཆད་ཁྲིད་བྱས།

       མིག་སྔར། ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་ཁ་གཏད་རོགས་སྐྱོར་བྱེད་པར་མངག་གཏོང་བྱས་པའི་ལས་བྱེད་འཇོན་མི་དག་སོ་སོར་བོད་ལྗོངས་དང་མཚོ་སྔོན་ལ་འབྱོར་ཡོད།

       རྒྱུས་ལོན་པ་ལྟར་ན། 1994ལོར་ཀྲུང་དབྱང་གིས་སྐབས་གསུམ་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ལས་བྱེད་མི་སྣ་མངགས་ཏེ་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་དགོས་པའི་ཐག་གཅོད་གལ་ཆེན་བཟོས། 2010ལོར་ཀྲུང་དབྱང་གིས་སྐབས་ལྔ་བའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཚོ་སྔོན་བོད་ཁུལ་ཡང་ཁ་གཏད་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་སུ་བཞག  ལོ20ལྷག་གི་རིང་ལ། བསྡོམས་པས་ཕུལ་བྱུང་ལས་བྱེད་འཇོན་མི6000ལྷག་བོད་ལྗོངས་དང་མཚོ་སྔོན་དུ་མངགས་ནས་བྱ་བ་བསྒྲུབས། རྒྱ་ཆེའི་ཁ་གཏད་རོགས་སྐྱོར་ལས་བྱེད་འཇོན་མི་དང་ས་གནས་ལས་བྱེད་པས་མཉམ་དུ་རང་འགན་རང་སྒྲུབ་དང་སྒེར་སེམས་མེད་པར་བྱས་རྗེས་བཞག་པས། རོགས་སྐྱོར་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་། རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བྱས་ཏེ། བོད་ལྗོངས་དང་མཚོ་སྔོན་བོད་ཁུལ་གྱི་འཕེལ་རྒྱས་བརྟན་བརླིང་ལ་འབུར་ཐོན་གྱི་བྱས་རྗེས་བཞག་ཡོད།  །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-31 00:06 , Processed in 0.050544 second(s), 20 queries .

返回顶部