日志

༄༅།།ཨ་ཆེན་གངས་རྒྱབ་གཟུགས་འདས་ཤུལ་བཞག་ལ་ས ...

已有 257 次阅读2016-7-24 13:28 |系统分类:传媒

 
༄༅།།ཨ་ཆེན་གངས་རྒྱབ་གཟུགས་འདས་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་བཞིན་པ།
ཡོང་ཁུངས།  མི་དམངས་དྲ་བ།
 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཟླ་སྨད་དུ། མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ཤུལ་བཞག་ལ་སྙན་ཞུ་ཕུལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ། ཡུལ་དངོས་སུ་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། བྱ་བ་སྣ་ཚོགས་བདེ་བླག་ངང་སྒྲུབ་བཞིན་ཡོད།

       ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་ཞིབ་བཤེར་བྱ་བ་བདེ་བླག་ངང་སྤེལ་ཆེད། ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་འཛམ་གླིང་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས་ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་འབྲེལ་ཡོད་བྱ་བའི་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་སྡོད་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་གྱིས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། 2016ལོའི་དོ་དམ་སྒྲིག་ཆས་འཛུགས་སྐྲུན་ལ་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འགྲོ་གྲོན་སྒོར་ཁྲི2600བཏང་བ་དང་། 《ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་བྱ་བའི་ཆེད་སྤྱོད་མ་དངུལ་བཀོད་སྤྱོད་ཀྱི་དོ་དམ་བྱེད་ཐབས》བཟོས། ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི500ཧྲག་བསྡུ་བྱས་ཏེ། དུས་ཚོད་དམ་འཛིན་གྱིས་ཨ་ཆེན་གངས་རྒྱབ་བྲག་ནག་མཚེའུ་སྡོད་ཁང་འཛུགས་སྐྲུན་བྱས་ཏེ། IUCNཆེད་མཁས་པའི་རྟོག་ཞིབ་བྱེད་སའི་སྡོད་ཁང་དང་འགྲོ་སྡོད་དཀའ་བའི་གནད་དོན་ཐག་བཅད། ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་དང་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་སོ་སོའི་འགན་འཁྲི་ལ་འབྲེལ་ནས་དམིགས་ཚད་ལས་འགན་ལེགས་སྒྲིག་བྱས་ཤིང་། ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་གྱིས་གཏན་འཁེལ་བྱས་པའི་ས་ཁུལ་གྱི་ཁྱབ་ཁོངས་ནང་གི་གཏེར་ཁ་འཚོལ་ཞིབ་དབང་ཆ་དང་གཏེར་ཁ་སྔོག་འདོན་དབང་ཆའི་མ་ལག་ཞིབ་བཤེར་བྱ་བ་ལེགས་འགྲུབ་བྱས་པ་མ་ཟད། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ནང་མེད་པའི་ས་ཁུལ་གྱི་གཏེར་ཁའི་འཚོལ་བཤེར་དབང་ཆ་དང་གཏེར་ཁ་སྔོག་འདོན་དབང་ཆའི་སྒྲིག་ཁྲིམས་བཟོ་འགོ་བརྩམས། ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས《མཚོ་སྔོན་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་དུ་སྙན་ཞུ་བྱེད་པའི་གཞུང་ལམ་འགྲམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འཆར་འགོད》བཟོས།

       ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་ལྕི་བ་དང་དཀའ་ངལ་མང་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཆུ་དམར་ལེབ་དང་འབྲི་སྟོད་རྫོང་གིས་ཁུ་ནུ་རི་བོ་དང་སྨུག་སའི་སོག་ལམ། ཆུ་ནག་ཁ་གཞུང་ལམ་ཞབས་ཞུ་ཁུལ་དང་། ཁུ་ནུ་རི་བོའི་རི་འདབས་སོགས་ས་ཁུལ་དུ་ཁྲིམས་འགལ་བཟོ་སྐྲུན་དང་ལམ་སྟོན་བྱང་བུ། གནས་སྐོར་སྒྲིག་ཆས་བཤིག་སྤོའི་བྱ་བ་སོགས་ལ་དྲིལ་སྒྲོག་སྐུལ་སློང་དང་ཁོར་ཡུག་ལེགས་བཅོས་བྱས། འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་རྟོག་ཞིབ་དཔྱད་འཇོག་ཞབས་ཞུའི་རུ་ཁག་བསུ་བའི་བྱ་བའི་ཚན་ཆུང་བཙུགས་ནས། ཡུས་ཧྲུའུ་གྲོང་ཁྱེར་དང་འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་ཀྱིས་སྣེ་ལེན་ས་ཚིགས་ཀྱི་ཞབས་ཞུ་སྒྲིག་ཆས་ཇེ་ལེགས་སུ་བཏང་སྟེ། འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་ཆེད་མཁས་པའི་རྟོག་ཞིབ་ལམ་ཐིག་འཆར་འགོད་བཟོས་ཏེ་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་སྡེ་ཁག་ལ་ཞིབ་བཤེར་སྙན་ཞུ་ཕུལ།  །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-8 00:31 , Processed in 0.050657 second(s), 20 queries .

返回顶部