日志

༄༅།།ཆོས་དབྱིངས་སྐྱིད་དང་སྟོབས་རྒྱས་གཉིས་ ...

已有 255 次阅读2016-7-24 13:22 |系统分类:传媒

 
༄༅།།ཆོས་དབྱིངས་སྐྱིད་དང་སྟོབས་རྒྱས་གཉིས་ཨོ་རྩལ་འགྲན་ཚོཊ་ལ་ཞུགས་ཐུབ་པ།
ཡོང་ཁུངས། མི་དམངས་དྲ་བ།
 

845676272817608739.jpg

 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན། 2016ལོའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་དབུ་བརྙེས་པའི་སྐུལ་སློང་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་དཔུང་སྟོབས་གཏན་འཁེལ་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་འགྲོས་རྩལ་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་བོད་རང་སྐྱོང་ལྗོངས་ཀྱི་མིང་དུ་གྲགས་པའི་འབྲིང་རྒྱང་རྒྱུག་ལུས་རྩལ་པ་སྟོབས་རྒྱས་གཉིས་ཀྱང་འཐུས་ཚབ་ཚོགས་པའི་མིང་ཐོའི་ནང་བདམས་ཐོན་བྱུང་བས། པར་ཙིར་རྒྱལ་ཁབ་ཀྱི་ལི་གཡོད་གྲོང་ཁྱེར་དུ་བསྐྱོད་ནས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་རེད།

     ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་མི་གྲངས་ཁྱོན་བསྡོམས་711ཡོད་པ་དང་། དེའི་ནང་ལུས་རྩལ་པ་416(སྐྱེས་མ་256དང་སྐྱེས་པ་160)ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འཐུས་ཚབ་ཚོགས་པ་ནི་རང་རྒྱལ་གྱིས་རྒྱལ་ཁོངས་ཕྱིར་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་གཞི་རྒྱ་ཆེ་ཤོས་ཀྱི་སྐབས་ཤིག་ཡིན་ཞིང་། ལུས་རྩལ་པའི་ཆ་སྙོམས་ལོ་ཚད་ནི་24ཡིན་པ་དང་། དེ་དག་གི་ནང་ལོ་ཆུང་ཤོས་ནི་14དང་ཆེ་ཤོས་ལོ་39ཡིན་པ་རེད།

     ཆོས་དབྱིངས་སྐྱིད་ནི་རང་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ཐོག་གཟེངས་བསྟོད་རྟགས་མ་ཐོབ་པའི་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན་ཞིང་། ཁོ་མོ་2010ལོའི་ཟླ་7པར་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་བདམས་ཐོན་བྱུང་རྗེས། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་ལུན་ཏོན་ཨོ་རྩལ་འགྲན་ཚོགས་སྐབས་30པའི་སྐྱེས་མའི་སྤྱི་ལེ་20ཡི་འགྲོས་རྩལ་འགྲན་བསྡུར་ནང་ཟངས་ཀྱི་གཟེངས་རྟགས་བླངས་ཤིང་། རྗེས་སུ་རིམ་གསབ་བྱས་ཏེ་དངུལ་གྱི་གཟེངས་རྟགས་ཐོབ་པ་མ་ཟད། ཨེ་ཤེ་ཡའི་ཟིན་ཐོ་གསར་པ་བཏོད་པ་སོགས་ཀྱི་ཕུལ་བྱུང་གྲུབ་འབྲས་སྣ་མང་ཡང་ཐོབ་པ་རེད། ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཁོ་མོས་རང་ཉིད་ཀྱི་རྩལ་འགྲན་བྱས་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་2015ལོའི་སི་ཕན་རྒྱལ་ཁབ་ཀྱི་ལཱ་ཁོ་ལུའུ་ཉི་ཡ་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲོས་རྩལ་འགྲན་སློང་འགྲན་བསྡུར་ནང་སྐྱེས་མའི་སྤྱི་ལེ་20ཡི་འགྲན་བསྡུར་ནང་ཨང་གཉིས་པ་བླངས་པ་དང་། རྒྱལ་ཡོངས་ཀྱི་འགྲོས་རྩལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་མའི་སྤྱི་ལེ་20ཡི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་རེད།

     སྟོབས་རྒྱས་ནི་1994ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་སྐྱེས་ཤིང་། 2011ལོ་ནས་བཟུང་ལག་ལེན་བསྟར་འགོ་བརྩམས་པའི་མཆོང་རྒྱུག་འཕེན་གསུམ་གྱི་ཡུན་རིང་ཐུབ་པའི་ལུས་རྩལ་རྣམ་གྲངས་ཀྱི་མཐོ་སྒང་འཇོན་ཐང་ཅན་གསར་གཏོད་འཆར་འགོད་གསོ་སྐྱོང་བྱས་པའི་ཕུལ་བྱུང་ལུས་རྩལ་པ་ཡིན་པ་དང་། ད་སྐབས་ནི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་ལུས་རྩལ་པར་གྱུར་ཡོད། 2012ལོ་ནས་བཟུང་རྒྱལ་ནང་དང་རྒྱལ་སྤྱིའི་རིམ་པ་ཁག་དང་རྣམ་གྲངས་ཁག་གི་འགྲན་བསྡུར་ནང་གོམས་སྦྱོང་བརྡར་གསུམ་ཐེངས་མང་བྱས་པ་བརྒྱུད། སྟོབས་རྒྱས་ཀྱི་ལུས་རྩལ་ཆུ་ཚད་མཐོ་རུ་མགྱོགས་མྱུར་ཕྱིན་ནས་འགྲན་བསྡུར་མང་པོའི་ནང་ཨང་དང་པོའི་གཟེངས་རྟགས་ཐོབ་པ་རེད།   །

     ཞེསགརོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-3-31 22:50 , Processed in 0.052858 second(s), 20 queries .

返回顶部