日志

༄༅།། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ ...

已有 263 次阅读2016-7-19 08:30 |系统分类:传媒

 
༄༅།། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་རིམ་པའི་དངོས་བཤེར་ཁང་ལ་སྒོ་བྱང་བཀལ་བ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། 

      མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས13ཉིན། ཚན་རྩལ་པུའུ་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཉམ་ཏུ་བསྐྲུན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་རིམ་པའི་དངོས་བཤེར་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མཚོ་སྔོན་སློབ་ཆེན་ནས་བསྡུས། ཚན་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཅན་ཀོ་དང་ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་གཉིས་མཛད་སྒོར་ཞུགས་པ་མ་ཟད་དངོས་བཤེར་ཁང་གི་སྒོ་བྱང་བཀལ། དེ་བས་མཚོ་སྔོན་སློབ་ཆེན་གྱིས་རྒྱལ་ཁབ་རིམ་པའི་དངོས་བཤེར་ཁང་གཙོ་བོ་ལ་ཐོལ་བརྒལ་བྱུང་བར་མངོན་འགྱུར་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ས་ཁོངས་ཁྲོད་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་མངོན་འགྱུར་བྱུང་།
      དངོས་བཤེར་ཁང་དེ་རྒྱལ་ཁབ་སྐྱེ་ཁམས་འཐབ་ཇུས་ལ་གཞི་བཙུགས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་ཚན་རིག་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱེད་པ་ཞིག་ཡིན་ལ། ཞབས་ཞུ་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་ནས་དུས་ཡུན་རིང་བའི་རིང་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་གྱི་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ཚོགས་ཁག་ཞིག་གསོ་སྐྱོང་བྱས་ནས་བཙུགས་པ་ཞིག་ཡིན། ཐོན་ཁུངས་བསྡུ་སྒྲིལ་དང་སྒྲིག་ལམ་གསར་གཏོད། སྒོ་འབྱེད་མཉམ་ལས་ཞིབ་འཇུག་བྱས་པ་བརྒྱུད། དངོས་བཤེར་ཁང་དེ་ཁྱད་ཆོས་མངོན་གསལ་ལྡན་ལ་རྒྱལ་སྤྱིའི་ཐོག་ཨང་དང་པོ་ཡིན་པ། གཉུག་མའི་གསར་གཏོད་བྱེད་ནུས་ལྡན་པའི་ཞིབ་འཇུག་རྟེན་གཞི་དང་མཐོ་རིམ་འཇོན་མི་གསོ་སྐྱོང་བྱེད་སའི་རྟེན་གཞི་རིམ་བཞིན་བསྐྲུན་རྒྱུ་རེད།
      མིག་སྔར། མཚོ་སྔོན་སློབ་ཆེན་གྱིས་ཚོད་ལྟ་ཁང་གི་ཐོག་མའི་ཆེད་མཁས་པའི་ཞིབ་འཇུག་རུ་ཁག་བཙུགས་པ་དང་ཚོད་ལྟ་ཁང་ལ་རྨིད་གྲུ་བཞི་མ་ཁྲི་གཅིག་དང་སྟོང་ལྔ་ཡོད་པའི་ཚོད་ལྟའི་ཁང་བ་འདོད་སྤྲོད་བྱས་པ་དང་སྒྲིག་ཆས་འཛུགས་སྐྲུན་གྱི་གྲོན་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་དགུ་ཡིན།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 23:38 , Processed in 0.047289 second(s), 20 queries .

返回顶部