日志

༄༅།།མཚོ་སྔོན་ཞིང་ཆེན་བོད་སྐད་ནང་བསྟན་སློ ...

已有 251 次阅读2016-7-19 08:20 |系统分类:传媒

 
༄༅།།མཚོ་སྔོན་ཞིང་ཆེན་བོད་སྐད་ནང་བསྟན་སློབ་གླིང་ལེགས་འགྲུབ་བྱུང་ནས་ད་ལོ་ནས་བཟུང་སློབ་མ་བསྡུ་རྒྱུ་རེད།

ཡོང་ཁུངས།  མཚོ་སྔོན་ཉིན་རེའི་ཚགས་པར།

 

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱིས་ལས་གཞི་བཙུགས་ནས་རོགས་སྐྱོར་དང་མ་དངུལ་སྒོར་དུང་ཕྱུར1.16བཏང་སྟེ། ཡུལ་བབ་དང་བསྟུན་ནས་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་བོད་སྐད་ནང་བསྟན་སློབ་གླིང་དེ་ཉེ་ལམ་ལེགས་འགྲུབ་བྱུང་ནས་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་དང་། འཆར་གཞི་ལྟར་ན་ཟླ9བར་སློབ་འགོ་རྩོམ་རྒྱུ་ཡིན་པ་དང་། སྐོར་དང་པོའི་སློབ་མ་ལ་བོད་བརྒྱུད་ནང་བསྟན་གྱི་འཛིན་གྲྭ་གཉིས་བསྡུ་རྒྱུ་རེད།

       སློབ་གླིང་གསར་བ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧི་ཏུང་ཤང་ཇོ་ཇོ་ལྷ་ཁང་གི་མདུན་ཕྱོགས་སུ་བཙུགས་ཡོད་ལ། རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི6.03དང་བཟོ་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི1.72ཡོད་ལ། སློབ་གླིང་གི་སྒྲིག་ཆས་ཆ་ཚང་བ་དང་འགྲིམ་འགྲུལ་སྟབས་བདེ་ལ། ཆ་རྐྱེན་བཟང་ཤིན་ཏུ་བཟང་། སློབ་སྒྲུབ་འཆར་གཞི་ལ་གཞིགས་ན། སློབ་གླིང་དུ་འབྲིམ་རིམ་འཛིན་གྲྭ་དང་དམའ་རིམ་འཛིན་གྲྭ། ཆེད་སྦྱོང་འཛིན་གྲྭ། བླ་སྤྲུལ་འཛིན་གྲྭ། རིགས་སོ་སོའི་ཟབ་སྦྱོང་འཛིན་གྲྭ། གཞུང་ལུགས་གྲོས་ཞིབ་འཛིན་གྲྭ་སོགས་འཛུགས་རྒྱུ་ཡིན་པ་དང་། རིམ་པ་མང་བའི་ནང་བསྟན་སློབ་གསོ་སྤེལ་ནས་སློབ་སྒྲུབ་ཀྱི་གཞི་ཁྱོན་ལ་མི400ཡིན། ཕྱོགས་ཡོངས་ཀྱི་སློབ་སྒྲུབ་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་གསོ་སྐྱོང་བྱེད་སའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། སློབ་གླིང་གིས་ད་རུང་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་དགོན་སྡེའི་ཁྲོད་ཆོས་གཞུང་ལ་མཁས་ཤིང་ཉམས་མྱོང་ཕུན་སུམ་ཚོགས་པའི་བླ་བཙུན་དག་གདན་ཞུ་བྱས་ནས་ཆོས་གཞུང་འཆད་ཁྲིད་གནང་རྒྱུ་རེད།

       མིག་སྔར། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད་མཚོ་སྔོན་ཞིང་ཆེན་བོད་སྐད་ནང་བསྟན་སློབ་གླིང་གིས2016ལོའི་སློབ་བསྡུའི་བརྡ་སྦྱོར་སྤེལ་བ་དང་། ཟླ7པའི་ཚེས7ཉིན་ནས་བཟུང་མིང་ཐོ་བཀོད་ཆོག་ལ། ཟླ8པའི་ཟླ་དཀྱིལ་དུ་ཁུལ་དང་གྲོང་ཁྱེར་སོ་སོར་རྒྱུགས་ལེན་ས་ཚིགས་བཙུགས་ནས་རྒྱུགས་ལེན་པ་དང་། ཟླ9བར་སློབ་འགོ་རྩོམ་རྒྱུ་རེད། ད་ལོར་འབྲིང་རིམ་དང་དམའ་རིམ་གྱི་འཛིན་གྲྭ་གཉིས་དང་འཛིན་གྲྭ་རེར་སློབ་མ40རེ་བསྡུ་རྒྱུ་ཡིན་ལ། བསླབ་ཡུན་ལོ4ཡིན་པ་དང་། རྒྱུགས་ལེན་པའི་བསླབ་ཚན་ལ་ནང་བསྟན་རིག་གཞུང་དང་ཆབ་སྲིད། རིག་གནས་བཅས་སྣ་གསུམ་ཡོད་ལ། མིང་ཐོ་འགོད་མཁན་ལ་ནང་བསྟན་རིག་གཞུང་གི་རྨང་གཞི་ངེས་ཅན་ལྡན་དགོས།

      རྒྱུས་ལོན་པ་ལྟར་ན། པེ་ཅིན་དང་ཞིང་ལྗོངས་སོ་སོའི་བོད་སྐད་ནང་བསྟན་སློབ་གླིང་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གསར་སྐྲུན་མཛད་པ་དང་། ད་ལྟའི་བར་དུ་ལོ་ངོ30ལྷག་གི་ལོ་རྒྱུས་ལྡན་ལ། རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བྱང་ཚད་མཐོ་བའི་གྲྭ་བཙུན་གསོ་སྐྱོང་བྱེད་སའི་བོད་བརྒྱུད་ནང་བསྟན་ཆེད་ལས་ཀྱི་སློབ་གླིང་ཞིག་ཡིན། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་དུ་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར་དང་རྒྱལ་ཁབ་ཀྱི《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས》(ཚོད་ལྟ)ལ་གཞིགས་ཏེ། ནང་བསྟན་སློབ་གླིང་སོ་སོས་མཐོ་རམས་པ་དང་འབྲིང་རམས་པ།   ཕྲན་རམས་པ་བཅས་རིམ་པ་གསུམ་གྱི་བསླབ་གནས་བཙུགས་ཏེ། སྲོལ་རྒྱུན་གྱི་དགོན་སྡེའི་ཁྲིད་རྒྱུན་རྣམ་པ་དང་དེང་རབས་ཀྱི་ཁྲིད་ཐབས་ཟུང་སྦྲེལ་གྱིས་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་བ་ཞིག་བཙུགས་ཡོད།   །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-8 00:02 , Processed in 0.051072 second(s), 20 queries .

返回顶部