日志

༄༅།།མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ཐོག་མ ...

已有 255 次阅读2016-7-19 08:15 |系统分类:传媒

 
༄༅།།མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་ཁྲོད་ཨན་ཧི་ཨར་ལ་བྱ་དགའ་ཨང་དང་པོ་ཐོབ།
ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།  
 

༡.jpg

                         ཐོག་མའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་མཁན་གྱི་འགྲན་ཞུགས་པ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། 2016ལོའི་མཚོ་སྔོན་ཞིང་བའི་ཡིད་རྟོན་བུམ་པ་རྟགས་མའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་བཅོ་ལྔ་བ་དངོས་སུ་སྤེལ་མགོ་བརྩམས། ཟི་ལིང་གྲོང་ཁྱེར་ལ་བསྐོར་བ་བརྒྱག་པའི་ཆེས་ཐོག་མའི་འགྲན་སྡུར་ཁྲོད་དུ་གླིང་ཆེན་ལྔའི་རུ་ཁག་ཉེར་གསུམ་གྱི་འགྲན་ཞུགས་པ157ཞུགས་པ་དང་། འགྲན་ཡུན་དུས་ཚོད་གཉིས་ལྷག་བརྒྱུད་རྗེས། ཀན་སུའུ་དངུལ་ཁང་རུ་ཁག་གི་འགྲན་ཞུགས་པ་མིས་ཀི་ཨར་ཨན་ཧི་ཨར་གྱིས་དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་རྒྱུགས་འབྲས་ལ་བརྟེན་ནས་བྱ་དགའ་ཨང་དང་པོ་བླངས་པ་རེད། དབྱི་ཐ་ལི་ཡི་ཏན་ཉི་ཨར་དང་ཧི་ལན་གྱི་ལི་མུའུ་ཁི་གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ།།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-2 12:00 , Processed in 0.052498 second(s), 20 queries .

返回顶部