日志

༄༅༎།རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་རིན་ཐང་ ...

已有 258 次阅读2016-7-17 07:43 |系统分类:传媒

 
༄༅།།རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་ཁྲི14.5ལ་སླེབས་པ།
ཡོང་ཁུངས།  མི་དམངས་དྲ་བ།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་ཀོས་ཀྲོའུ་ཞིང་ཆེན་ཀོས་དབྱང་གྲོང་ཁྱེར་ནས་བསྡུས་པའི་སྐྱེ་དངོས་སྣ་མང་རང་བཞིན་དང་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་སྟེང་ཤེས་གསལ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་སྤྱི་འབོར་སྒོར་དུང་ཕྱུར་ཁྲི14.5ལ་སླེབས་ཡོད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཐོན་ཁུངས་ཤོར་ཚད་ནི་དུས་མཉམ་གྱི་རྒྱལ་དམངས་ཐོན་སྐྱེད་སྤྱི་འབོར་གྱི་ལྡབ3.6ཡིན།

       ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ཧྲུའུ་ཅན་མིང་གིས་ཁ་བྱང་ལ《རྨ་འབྲི་རྫ་གསུམ་སྐྱེ་ཁམས་ཐོན་ཁུངས་བཤེར་རྩིས》ཀྱི་སྙན་ཞུ་ཀློག་འགྲེལ་བྱེད་སྐབས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་རྒྱུ་ནོར་ལ་སྲུང་འཛིན་བྱ་ཆེད། ལོ་རེར་གཏེར་ཁ་ཐོན་ཁུངས་དང་ཆུ་གློག་ཐོན་ཁུངས་གསར་སྤེལ་སོགས་ཀྱི་སྒོར་དུང་ཕྱུར369.7གྱི་འཕེལ་རྒྱས་གོ་སྐབས་དོར་ཡོད། སྐྱེ་ཁམས་ཐོན་ཁུངས་རྒྱུ་ནོར་གོང་དུ་འཕར་བ་མངོན་འགྱུར་བྱ་ཆེད་ལོ་རེར་ཕལ་ཆེར་མ་དངུལ་སྒོར་དུང་ཕྱུར130ཙམ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་དགོས་ཟེར།

    《རྨ་འབྲི་རྫ་གསུམ་སྐྱེ་ཁམས་ཐོན་ཁུངས་བཤེར་རྩིས》དེ་ཀྲུང་གོ་བཟོ་སྐྲུན་གླིང་དང་ཀྲུང་གོ་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་བཅས་ཀྱིས་མཉམ་དུ་རྩོམ་སྒྲིག་བྱས། རྨ་འབྲི་རྫ་གསུམ་གྱི་དཔེར་མཚོན་སྐྱེ་ཁམས་མ་ལག་ཁྲོད་ཀྱི་མཐོ་གྲང་སྤང་སར་གཞིགས་ཏེ། ཚད་གཞིའི་རྒྱ་ཁྱོན་གྱི་སྐྱེ་ཁམས་རྒྱུ་ནོར་ཤོར་ཚད་ཀྱི་རིན་ཐང་ནི་མུའུ་རེར་སྒོར1592.5ཡིན་པ་དང་། ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་སུ་བཏང་ན་མུའུ་རེར་དཔལ་འབྱོར་ཡོང་སྒོ་སྒོར17.6ཙམ་ལས་མེད་ཀྱང་། སྔོན་ཆད་ཀྱི་དཔལ་འབྱོར་འཕེལ་རྒྱས་གོ་རིམ་ཁྲོད་སྐྱེ་ཁམས་རྒྱུ་ནོར་གྱི་རིན་ཐང་ནི་ནམ་ཡིན་ཡང་སྣང་མེད་དུ་བཞག་ཡོད། །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་གབཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-8 01:22 , Processed in 0.051941 second(s), 20 queries .

返回顶部