日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བ ...

已有 254 次阅读2016-7-10 10:08 |系统分类:传媒

 
༄༅།།ཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁྲི་ཀ་རྫོང་ནས་གསར་དུ་ལས་ནས་ལེགས་འགྲུབ་བྱུང་།
ཡོང་ཁུངས།  མཚོ་སྔོན་ཉིན་རེའི་ཚགས་པར། 
 

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བདུན་པའི་ཚེས་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ཁྲི་ཀ་རྫོང་རྨ་ཤར་ཞང་ཀྲིག་ཅ་སྡེ་བ་ནས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གསར་དུ་ལས་ནས་ལེགས་འགྲུབ་བྱུང་།

        མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་ཁོ་ན་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲྭ་བཙུན་སྐྱེད་སྲིང་བྱེད་པའི་མཐོ་རིམ་སློབ་གླིང་དང་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣའི་རྟེན་གཞི་གཙོ་བོ་ཡིན། སློབ་གླིང་དེ་1986ལོར་བཙུགས་ནས། ད་ལྟའི་བར་སྐུ་འབུམ་དགོན་པའི་གཞུང་སྒྲུབ་ཁང་བ་གླས་ནས་སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བ་བསྒྲུབས་པ་ཡིན་ལ། སློབ་གྲྭའི་དོ་དམ་ཧ་ཅང་སྟབས་བདེ་མིན་པས། རྒྱུན་ལྡན་གྱི་སློབ་ཁྲིད་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས། དེར་བརྟེན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་ཧ་ཅང་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་ཧུར་ཐག་སྒོས་བརྩོན་ལེན་བྱས་ནས། 2014ལོའི་ཟླ་བཞི་བར་ཁྲི་ཀ་རྫོང་ནས་དངོས་སུ་ལས་མགོ་བརྩམས་པ་དང་། དུས་ཡུན་ལོ་གཉིས་ལྷག་ལ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། བཟོ་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བར་མ་ཟད་ཞིབ་བཤེར་ཚད་ལེན་ཐོབ།

       གསར་དུ་ལས་པའི་སློབ་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་དྲུག་ལྷག་ཡོད་པ་དང་། དེའི་ནང་དུ་བཞི་ཐོག་ཅན་གྱི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་གཅིག་དང་། ཉིས་ཐོག་ཅན་གྱི་འདུ་ཁང་གཅིག ལྔ་ཐོག་ཅན་གྱི་གྲྭ་བཙུན་གྱི་ཉལ་ཁང་གཉིས། ལྔ་ཐོག་ཅན་གྱི་དགེ་རྒན་དང་ལས་བཟོ་བའི་སྡོད་ཁང་གཅིག་དང་ད་རུང་ལུས་རྩལ་ར་བ་དང་ཟ་ཁང་། སྨན་བཅོས་ཁང་སོགས་ལས་ཡོད།།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-2 11:55 , Processed in 0.051746 second(s), 20 queries .

返回顶部