日志

༄༅།།ད་ལོའི་སྐོར་དང་པོའི་མཁར་གྲོང་སྨན་བཅོ ...

已有 239 次阅读2016-3-20 08:54 |系统分类:传媒

 
༄༅།།ད་ལོའི་སྐོར་དང་པོའི་མཁར་གྲོང་སྨན་བཅོས་རོགས་སྐྱོབ་མ་དངུལ་དངོས་སུ་མར་བྱིན།
ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།
 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ད་ལོའི་སྐོར་དང་པོའི་སྨན་བཅོས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་བྱིན།

      ན་ནིང་། མཚོ་སྔོན་གྱིས«སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར»གཏན་འབེབས་བྱས་ནས་མར་བཀྲམ་སྟེ། སྨན་བཅོས་རོགས་སྐྱོབ་ཀྱི་ཁེབས་རྒྱ་ཇེ་ཆེ་དང་སྨན་བཅོས་རོགས་སྐྱོབ་ཀྱི་ཚད་གཞི་ཇེ་མཐོར་བཏང་བར་མ་ཟད། ཞིང་ཆེན་ཡོངས་སུ་ནད་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས། སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་སོང་བ་དེས་གཞི་རྩའི་དམངས་ཚིས་བདེ་འཇགས་དྲ་བ་སྲ་བརྟན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་། རོགས་སྐྱོབ་མ་དངུལ་མར་བཏང་རྗེས། ཞིང་ཆེན་དམངས་སྲིད་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་ཆ་སོ་སོས་མཁར་གྲོང་སྨན་བཅོས་རོགས་སྐྱོབ་ཀྱི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་ལག་བསྟར་ནན་མོ་བྱས་ནས་སྨན་བཅོས་རོགས་སྐྱོབ་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུ་དང་སྨན་བཅོས་རོགས་སྐྱོབ་བྱེད་ཡུལ་ལ་དུས་ཐོག་རོགས་སྐྱོབ་ཐོབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

     དེ་དང་མཉམ་དུ། ས་ཆ་སོ་སོས«མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱི་དོ་དམ་བྱེད་ཐབས»ལག་བསྟར་ནན་མོ་བྱས་ཏེ། ཆོད་དོན་ལྟར་ས་གནས་ཆ་སྡེབ་མ་དངུལ་དོན་འཁྱོལ་དུ་ཡོང་བར་བྱེད་པ་དང་། སྲིད་ཇུས་གསོ་སྦྱོང་དང་དྲིལ་སྒྲོག་གི་ཤུགས་ཚད་ཇེ་ཆེར་གཏོང་བ། སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། 

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-18 05:48 , Processed in 0.026525 second(s), 20 queries .

返回顶部