日志

༄༅།།ཞི་ཅིན་ཕེན་མཚོ་སྔོན་འཐུས་ཚབ་ཚོགས་པའི ...

热度 1已有 308 次阅读2016-3-11 17:26 |系统分类:传媒

 
༄༅།།ཞི་ཅིན་ཕེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

31.jpg

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

 

32.jpg

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་མཚོ་སྔོན་

འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འདི་ནི་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་ཞི་ཅིན་ཕེན་ལ་ཁ་བཏགས་འབུལ་བའི་ཚུལ་རེད།

33.jpg

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་

ཞི་ཅིན་ཕེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

34.jpg

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་

ཞི་ཅིན་ཕེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

35.jpg

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་

ཞི་ཅིན་ཕེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

36.jpg

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་

ཞི་ཅིན་ཕེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

       ཞི་ཅིན་ཕེན་ཚོགས་རར་ཐོན་པ་ན། བོད་རིགས་དང་སོག་རིགས། ཧོར་རིགས་བཅས་ཀྱི་འཐུས་མི་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་དྭངས་གཙང་གི་ཁ་བཏགས་ཕུལ་ནས། མཚོ་སྔོན་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་བཅངས་པའི་གུས་སེམས་མཚོན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ཚོ་བརྒྱུད་དེ་རིགས་སོ་སོའི་མི་དམངས་ལ་སྨོན་འདུན་ཞུས། ཚོགས་འདུའི་སྟེང་། ལོ་ཧོས་ཉིན་དང་ཧའོ་ཕིན། སྙིང་མོ་བྱམས། པིས་ཧྲིན་ཀྲུང་། པད་ཞིག་ཧྭ། ཉི་མ་སྒྲོལ་མ། ཧན་ཡུང་ཏུང་། ཝང་ཞའོ་སོགས་འཐུས་མི་བརྒྱད་ཀྱིས་སྔ་གཞུག་ཏུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། ལྷད་མེད་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། མཁར་གྲོང་གི་སློབ་གསོའི་འདྲ་མཉམ་ལ་ཡར་སྐུལ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་པ། གནད་ཕིགས་དབུལ་སྐྱོར་དབུལ་ཐར་རྒྱུན་འཁྱོངས་བྱེད་པ། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དུ་གཏོང་བ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་སྤེལ། ཞི་ཅིན་ཕེན་གྱིས་བསམ་འཆར་ལ་ནན་གྱིས་ཉན་ནས་ཟིན་ཐོར་བཀོད་པ་དང་། མཚམས་མཚམས་སུ་དྲི་བ་བཏོན་པ་མ་ཟད་ཚང་མ་དང་མཉམ་དུ་བརྗེ་རེས་མཛད་ལ། མཇུག་མཐར་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་ཐོག་མར་ལོ་གཅིག་རིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་མཛད། མཚོ་སྔོན་གྱི་བྱ་བར་དམིགས་ནས། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་བྱེད་ནུས་གཙོ་བོའི་ཁུལ་གྱི་འཆར་འགོད་དངོས་འབེབས་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་ཁུལ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ཁུལ་བཅས་ཀྱི་འཛུགས་སྐྲུན་ཧུར་ཐག་གིས་སྤེལ་བ། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་གཟབ་ནན་གྱིས་སྤེལ་བ། དབུལ་ཐར་མཁྲེགས་གཏོར་གཟབ་ནན་གྱིས་སྤེལ་བ། མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གཟབ་ནན་གྱིས་སྤེལ་བ་བཅས་བྱེད་དགོས་ཟེར།

       ཁོང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་གཞན་གྱིས་ཚབ་བྱེད་ཐབས་མེད་པ་དང་། བཀོལ་བའི་སྐབས་སུ་དེའི་དྲིན་མི་ཤེས་ན་ཡང་དེ་མེད་པར་གྱུར་ཚེ་འཚོ་གནས་བྱེད་ཐབས་བྲལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཐད་ནས་ངེས་པར་དུ་ཆེ་ཕྱོགས་ཀྱི་འདུ་ཤེས་དང་ཡུན་རིང་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས་བཅས་བཅངས་ཏེ། སྲུང་སྐྱོབ་དམིགས་བསལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་སྒོས་དཔྲལ་བའི་མིག་དང་གཅེས་པའི་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས། ལྗང་མདོག་གི་འཕེལ་རྒྱས་ཐབས་ལམ་དང་འཚོ་བའི་ཐབས་ལམ་ཞིག་ཆགས་པར་བྱེད་དགོས། ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བཟང་བོར་སྤེལ་ནས། སྐྱེ་ཁམས་བཟོ་སྐྲུན་དང་། ནུས་ཁུངས་གྲོན་ཆུང་དང་བཙོག་རྫས་ཉུང་འདོན། ཁོར་ཡུག་བཅོས་སྐྱོང་། མཛེས་པའི་མཁར་གྲོང་འཛུགས་སྐྲུན་བཅས་གཅིག་གྱུར་གྱིས་སྤེལ་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་སྐྲུན་ཏེ། མཚོ་སྔོན་འདི་མཛེས་པའི་ཀྲུང་གོའི་སྣང་བརྙན་མཚོན་བྱེད་དུ་འགྱུར་བར་བྱེད་དགོས་ཟེར།

      ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་དབུལ་ཐར་མཁྲེགས་གཏོར་གྱི་དཀའ་གནད་སེལ་བ་དང་འགག་སྒོ་བརྒལ་བའི་དུས་སྐབས་ཡིན་པས། ངེས་པར་དུ་ཆོད་སེམས་བརྟན་པོས་ཤུགས་ཚད་ཇེ་ཆེ་དང་མྱུར་ཚད་ཇེ་མགྱོགས། འཕེལ་ཚད་ཇེ་མྱུར་དུ་བཏང་ནས། སེམས་ཤུགས་གཅིག་མཐུན་གྱིས་དབུལ་ཐར་མཁྲེགས་གཏོར་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་པ་དང་། ཉིས་སྟོང་ཉི་ཤུ་ལོར་ཐོན་སྐབས་ད་ལྟའི་ཚད་གཞིའི་འོག་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཡོངས་རྫོགས་དབུལ་ཐར་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་དབུལ་ཐར་བྱེད་པར་ཁག་ཐེག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་བྱེད་སྐབས་ངེས་པར་དུ་གནད་ཕིགས་ཞེས་པ་དམ་དུ་འཛིན་དགོས་ཏེ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར། ལས་ཀ་དང་ལས་གཞི་ཁྱིམ་ཚང་དང་མི་སྒེར་ལ་གནད་དུ་ཕིགས་པར་འབྱོར་བ་བཅས་བྱས་ཏེ། དབུལ་ཕོངས་ཀྱི་འབྱུང་རྩ་ཡང་དག་པར་བཙལ་ཏེ་དམིགས་ཕྱོགས་གསལ་བར་བྱེད་དགོས། སློབ་གསོའི་དབུལ་ཐར་ལ་སྔར་ལས་དོ་སྣང་བྱས་ཏེ་དབུལ་ཕོངས་ཀྱི་སྣང་ཚུལ་དེ་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་དུ་འཇུག་མི་རུང་ལ། དབུལ་ཐར་གྱི་ཕན་འབྲས་ཇེ་མཐོར་གཏོང་བའི་རྒྱུན་སྲིང་རང་བཞིན་ལ་སྔར་ལས་དོ་སྣང་བྱེད་དགོས་ཟེར། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་འཕེལ་རྒྱས་སུ་འགྲོ་བའི་མཐུན་རྐྱེན་ཆེན་པོ་ཞིག་ཀྱང་ཡིན་པས། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཧུར་ཐག་གིས་ཤུགས་སྣོན་པ་དང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་དང་ཁྱད་སྟོབས་ཐོན་ལས་ཧུར་ཐག་གིས་སྐྱེད་སྲིང་བྱེད་པ། མི་རིགས་ས་ཁུལ་གྱི་ཁྱད་ལྡན་དང་ཁྱད་སྟོབས་ཐོན་ཁུངས་གོ་རིམ་ལྡན་པར་སྔོག་འདོན་བྱེད་པ། མི་རིགས་ས་ཁུལ་གྱི་ཐོན་ལས་གྲུབ་ཚུལ་གྱི་རིམ་པ་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ནུས་ཤུགས་དང་རྒྱུན་སྲིང་འཕེལ་རྒྱས་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་ལས་དོན་གྱི་འཕེལ་རྒྱས་དང་དམངས་ཚིས་འཛུགས་སྐྲུན་གྱི་མ་དངུལ་དེ་མི་རིགས་ས་ཁུལ་ལ་ཕྱོགས་ནས། མི་རིགས་ས་ཁུལ་གྱི་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་པས། མི་རིགས་ཀྱི་བར་ཁྱད་ལ་བརྩི་བཀུར་བྱེད་པ་དང་། རིག་གནས་སྣ་མང་ལ་བཟོད་སྒོམ་བྱེད་པ། གསར་འཛུགས་བྱ་འགུལ་ཟབ་སྤེལ་བྱེད་པ་བཅས་བྱས་ཏེ། མི་རིགས་སོ་སོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ནང་དུ་སྤུན་ཟླ་མཉམ་མཐུན་དང་རེ་སྒུག་རོགས་སྐྱོར། མཐུན་སྒྲིལ་འགྲིག་མཐུན། ཐུན་མོང་འཕེལ་རྒྱས་བཅས་འབྱུང་བར་བྱེད་དགོས་ཟེར།  །

        ཞེས་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 

发表评论 评论 (2 个评论)

回复 扎西多杰3319 2016-3-11 23:23
  
回复 ljh8520035 2016-3-12 09:01
  

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-9 22:30 , Processed in 0.054636 second(s), 21 queries .

返回顶部