日志

༄༅།།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི ...

已有 239 次阅读2016-3-11 08:43 |系统分类:传媒

 
༄༅།།རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན། 

22.jpg

ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་

མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

 

      ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། 

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚེས་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། ཚོགས་ཐོག་ནས་དགེ་སྒྲུབ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན།

      ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

      ཚོགས་ཐོག་ཏུ་ཀྲང་ཏི་ཅང་གིས་བྱ་བའི་སྙན་ཞུ་ཕུལ། ཁོང་གིས་ཕྱོགས་བརྒྱད་ནས་འདས་པའི་ལོ་གཅིག་གི་བྱ་བ་གཙོ་བོ་ཕྱིར་དྲན་བྱས། གཅིག ཁྱབ་ཁོངས་གཙོ་བོ་ནས་ཁྲིམས་འཛུགས་བྱ་བ་སྔར་ལས་འཕེལ་རྒྱས་བྱུང་། གཉིས། རྩ་ཁྲིམས་ལག་བསྟར་དང་ལྟ་རྟོག་བྱ་བར་གཙིགས་འཛིན་བྱས། གསུམ། ཁྲིམས་ལྟར་བཅོས་སྒྱུར་ཟབ་སྤེལ་བྱ་བར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་། བཞི། ལྟ་རྟོག་དང་དངོས་ཕན་ཐོབ་པར་ཤུགས་སྣོན་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། ལྔ། ས་གནས་དམངས་ཆེན་བྱ་བ་འཐུས་ཚང་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། དྲུག འཐུས་མིའི་བྱ་བ་རྒྱ་ཆེར་སྤེལ། བདུན། ཧུར་ཐག་སྒོས་ཕྱི་ཕྱོགས་འབྲེལ་འདྲིས་བྱ་བ་གཏིང་ཟབ་ཏུ་སྤེལ། བརྒྱད། ཤུགས་ཆེན་པོས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་བཅས་རེད།

      ཕྱིན་ཆད་ཀྱི་ལོ་གཅིག་གི་ལས་འགན་གཙོ་བོའི་སྐོར་ནས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་དྲུག་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་མགོ་ཚུགས་པའི་ལོ་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་རེ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལྟར། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་གསར་བའི་འདུ་ཤེས་ཆགས་པར་བྱེད་པ་དང་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་དགོས་ལ། ཁྲིམས་འཛུགས་དང་ལྟ་རྟོག་གཙོར་བཟུང་སྟེ་ཧུར་ཐག་སྒོས་བྱ་བ་བསྒྲུབ་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགོ་བཟང་བོ་ཞིག་ཚུགས་པ་མངོན་འགྱུར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་སུ་རླབས་ཆེན་རྒྱལ་ཁ་ལེན་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

      རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཅན་གོ་ཡིས་དགེ་སྒྲུབ་བཅའ་ཁྲིམས་འཆར་ཟིན་སྐོར་ལ་གསལ་བཤད་བྱས། ལིས་ཅན་གོ་ཡིས་བཤད་རྒྱུར། དགེ་སྒྲུབ་བཅའ་ཁྲིམས་གཏན་འཁེལ་བྱེད་སྐབས་གཤམ་གྱི་ཕྱོགས་འགར་ཡིད་འཇོག་བྱེད་དགོས། གཅིག ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རེ་བ་ནན་ཏན་སྒོས་དངོས་འབེབས་བྱས་ཏེ་དགེ་སྒྲུབ་ཀྱིས་དབུལ་སྐྱོར་དཀའ་སེལ་ནུས་པ་འདོན་པ་འབུར་དུ་ཐོན་པར་བྱེད་དགོས། གཉིས། ལམ་ལུགས་ཀྱི་མཐོ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས་དགེ་སྒྲུབ་ལས་དོན་གྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་དགོས། གསུམ། རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་ལ་རྐང་བཙུགས་ཏེ། འཕེལ་རྒྱས་ཁྲོད་ནས་ཚད་ལྡན་དུ་འགྲོ་བ་དང་ཚད་ལྡན་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད།

      ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲང་ཕེན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།

      ཉིན་དེའི་ཚང་འཛོམས་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཞེ་གསུམ་ཞུགས་དགོས་པ་དང་འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་ང་དྲུག་ཚོགས་འདུར་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

      ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མ་བུན་དང་ཝང་སན་ཡོན། ཝང་ཞན་ཁོས། ཝང་རོ་ལིན། པེ་ཀྲི་ཅན། ལིས་ཞི། ལིས་ཅན་ཧྭ། ལིས་ཅིན་ཐེན། ཞོ་དཔལ་ཡོན། ཝང་ཡེ་ཧྥུའུ། ཀྲང་ཞོན། ཁྲིན་ཆོན་གོ། ཁྲིན་ཅན་གོ། ཁྲིན་མེན་ཨར། ལོ་ཀྲི་ཅོན། ལིག་པེན་ཅེ། ཞུའུ་ཧྲིག་ཧྲིན། གོ་ཀིན་མའོ། ཕིན་ཆིན་ཧྭ། ཆང་ཝེ། ཐན་ཧོས་ཀྲུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སུ་བཞུགས་ཡོད།  ། 

      ཞེ་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 03:20 , Processed in 0.050786 second(s), 20 queries .

返回顶部