日志

༄༅།།དར་རྩེ་མདོ་གྲོང་ཁྱེར་གྱི་ལོ60ཡན་གྱི་ར ...

已有 248 次阅读2016-3-3 10:04 |系统分类:传媒

 
༄༅།།དར་རྩེ་མདོ་གྲོང་ཁྱེར་གྱི་ལོ60ཡན་གྱི་རྒན་རྒོན་གྱིས་གཟིགས་སྐྱོང་སྲིད་ཇུས27ལོངས་སྤྱོད་ཐུབ་པ།
ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།

 

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། རྒན་རྒོན་རྣམས་ཀྱི་བདེ་སྐྱིད་ཚད་གཞི་ཇེ་མཐོར་གཏོང་བ། ཕྱོགས་ཡོངས་ནས་རྒན་རྒོན་གྱི་གཟིགས་སྐྱོང་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཉེ་ལམ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་གྲོང་ཁྱེར་གྱིས《སྔར་ལས་ལྷག་པའི་སྒོ་ནས་རྒན་རྒོན་གྱི་གཟིགས་སྐྱོང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པ་དང་། སྲིད་དོན་ཞབས་ཞུ་དང་འཕྲོད་བསྟེན་བདེ་སྲུང་། འགྲིམ་འགྲུལ་ཕྱི་འགྲིམ། ཚོང་ལས་ཞབས་ཞུ། རིག་རྩལ་སྤྲོ་འཆམ་དང་ཁེ་དབང་སྲུང་སྐྱོང་ཞབས་ཞུ་སོགས་ཕྱོགས6ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་སྣ27བཏོན་ཡོད།

     《སྔར་ལས་ལྷག་པའི་སྒོ་ནས་རྒན་རྒོན་གྱི་གཟིགས་སྐྱོང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གཞིགས་ན་བསྡོམས་པས་གཟིགས་སྐྱོང་སྲིད་ཇུས་སྣ27བཏོན་ཡོད་དེ། སྲིད་དོན་ཞབས་ཞུ་ཐད་དུ་དར་རྩེ་མདོ་གྲོང་ཁྱེར་གྱིས་ལོ80ཡན་གྱི་ཡོང་འབབ་དམའ་བའི་རྒན་རྒོན་ལ་ཕོགས་སྣོན་ལམ་ལུགས་བཙུགས་ཡོད་པ་དང་། ལོ80ནས་ལོ90བར་གྱི་ཤང་གྲོང་གི་ཡོང་འབབ་དམའ་བ་དང་ཡོང་སྒོ་དམའ་བའི་བགྲེས་སོང་ལ་མི་རེར་ཟླ་རེར་སྒོར50ཡི་ཁ་གསབ་དང་། ལོ90ནས་ལོ99བར་གྱི་བགྲེས་སོང་ལ་མི་རེར་ཟླ་རེར་སྒོར100ཡི་ཁ་གསབ་བྱེད་པ། ལོ100ཡན་གྱི་རྒན་རྒོན་དག་ལ་མི་རེར་ཟླ་རེར་སགོར200ཁ་གསབ་བྱེད་རྒྱུ་རེད། ལོ70ལོན་པ་དང་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་པའི་རྒན་རྒོན་ཁེར་རྐྱང་གིས་གླ་རིན་དམའ་བའི་སྡོད་ཁང་གཡར་བ་ལ་གླ་རིན་མེད་པར་གཏོང་རྒྱུ་རེད། འཕྲོད་བསྟེན་བདེ་སྲུང་གི་ཐད་ལ། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྨན་བཅོས་ལས་ཁུངས་སོ་སོས་རྒན་རྒོན་ལ་གཟིགས་སྐྱོང་དྲུག་གི་ཞབས་ཞུ་མཁོ་སྤྲོད་བྱེད་པ་དང་། ལོ80ཡན་གྱི་རྒན་རྒོན་གྱིས་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཐོ་འགོད་རིན་པ་མེད་པར་གཏོང་བ་དང་དབུལ་ཕོངས་རྒན་རྒོན་གྱི་སྨན་བཅོས་འགྲོ་གྲོན་མེད་པར་གཏོང་རྒྱུ་རེད། འགྲིམ་འགྲུལ་གྱི་ཐད་དུ། གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་ཆས་འདུས་པའི་སྤྱི་སྤྱོད་རླངས་འཁོར་དུ་སྡོད་པར་པྰ་སེའི་རིན་གོང་ཇེ་དམའ་གཏོང་བ་དང་། ལོ70ཡན་གྱི་རྒན་རྒོན་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་དུ་སྡོད་པར་པྰ་སེ་རིན་པ་མེད་པར་གཏོང་རྒྱུ་རེད། ཚོང་ལས་ཞབས་ཞུ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ། དངུལ་རྩ་སྡེ་ཁག་གིས་རྒན་རྒོན་གྱིས་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་པ་དང་། རྒན་རྒོན་གྱིས་སྒོར་མོ་ལེན་སའི་སྒེའུ་ཁུང་འཛུགས་པ་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱུ་རེད།

       རྒྱུས་ལོན་པ་ལྟར་ན། གཟིགས་སྐྱོང་སྲིད་ཇུས་ཀྱི་གཞི་རྩའི་གཟིགས་སྐྱོང་བྱེད་ཡུལ་ནི་ཁྱིམ་ཐོ་དར་རྩེ་མདོར་ཡོད་པ་དང་ལོ60ཡན་ལ་བུད་པའི་རྒན་རྒོན་དག་ཡིན་ལ། དར་རྩེ་མདོར་རྒྱུན་སྡོད་བྱེད་པའི་ཕྱིའི་རྒན་རྒོན་གྱིས་སྲིད་དོན་ཞབས་ཞུ་མ་འདུས་པའི་གཞན་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སྤྱོད་བྱས་ཆོག  །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-4 10:05 , Processed in 0.047010 second(s), 20 queries .

返回顶部