日志

༄༅།།ཟི་ཁྲོན་གྱི“ས་ཞིང་བསྒྱུར་བཅོས་དབུལ་ས ...

已有 232 次阅读2016-3-3 09:58 |系统分类:传媒

 
༄༅།།ཟི་ཁྲོན་གྱི“ས་ཞིང་བསྒྱུར་བཅོས་དབུལ་སྐྱོར”དེས་རྨོ་ཞིང་གི་ཡོང་འབབ་
ཇེ་མཐོར་བཏང་སྟེ་དབུལ་ཕོངས་མང་ཚོགས་ཁྲི43ལ་ཕན་ཁེ་བསྐྲུན་པ།
ཡོང་ཁུངས།  རྔ་བའི་ཉིན་རེའི་ཚགས་པར།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ2པའི་ཚེས29ཉིན་ཟི་ཁྲོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟི་ཁྲོན་གྱིས་མ་དངུལ་སྒོར་དུང་ཕྱུར10བཏང་སྟེ་དབུལ་ཕོངས་རྫོང38ནས“ས་ཞིང་བསྒྱུར་བཅོས་དབུལ་སྐྱོར”ལ་སྐུལ་འདེད་བཏང་ཞིང་། འཛུགས་སྐྲུན་གཞི་ཁྱོན་མུའུ་ཁྲི73ལ་སླེབས་ཡོད། འདིས་རྨོ་ཞིང་གི་སྤུས་ཚད་མཐོར་འདེགས་དང་དབུལ་ཕོངས་ཞིང་སྡེའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་སུ་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་ཞིང་བའི་ཡོང་འབབ་ཇེ་མང་དུ་བཏང་ནས་ཐད་ཀར་དུ་མང་ཚོགས་ཁྲི43ལ་ཕན་ཁེ་བསྐྲུན་ཐུབ། 

      ཟི་ཁྲོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱེད་རྒྱུར། ཉེ་སྔོན་བཏོན་པའི་ཟི་ཁྲོན་ཞིང་ཆེན་ཞིང་སྡེའི་ས་ཞིང་བསྒྱུར་བཅོས་ཆེད་དམིགས་དབུལ་སྐྱོར་གྱི2016ལོའི་བྱ་བའི་འཆར་གཞི་ལ་གཞིགས་ན། ད་ལོར་ཟི་ཁྲོན་གྱི“ས་ཞིང་བསྒྱུར་བཅོས་དབུལ་སྐྱོར”བྱེད་ཡུལ་ནི་ཆིན་པྰ་རི་རྒྱུད་དང་ཝུའུ་མིན་རི་རྒྱུད། ལེང་ཧྲན་རི་བོ་ཆེ་ཆུང་གི་དབྱི་རིགས་ས་ཁུལ། མཐོ་སྒང་བོད་ཁུལ་བཅས་ས་ཁུལ་ཆེན་མོ་བཞིའི་དབུལ་ཕོངས་རྫོང38ཀྱི་སྡེ་བ287དང་། དེས་ཐད་ཀར་དུ་མང་ཚོགས་ཁྲི43ལ་ཕན་ཁེ་བསྐྲུན་ཐུབ།

       མཚམས་སྦྱོར་བྱས་པ་ལྟར་ན། དབུལ་ཕོངས་ས་ཁུལ་དུ“ས་ཞིང་བསྒྱུར་བཅོས་དབུལ་སྐྱོར”སྐུལ་འདེད་གཏོང་བ་ནི་ས་ཞིང་བདེ་སྙོམས་དང་ཞིང་ཆུ་འདྲེན་པ། ཞིང་བར་གྱི་ལམ་བུ་སོགས་བཟོ་འགོད་ལག་བསྟར་བྱེད་པ་བརྒྱུད། རྨོ་ཞིང་རྒྱ་ཁྱོན་གསར་སྣོན་དང་རྨོ་ཞིང་གི་སྤུས་ཚད་རིམ་པ་ཇེ་མཐོར་གཏོང་བ། གཅིག་བསྡུའི་ཡུག་སྦྲེལ་དང་སྒྲིག་ཆས་ཆ་སྡེབ། ཡོང་འབབ་གཏན་འཇགས། སྐྱེ་ཁམས་ལེགས་པ་དང་གནོད་འགོག་ནུས་པ་ཆེ་བའི་རྨོ་ཞིང་ཁུལ་འཛུགས་པ་དང་། དེང་རབས་ཞིང་ལས་ཐོན་སྐྱེད་དང་བདག་གཉེར་བྱེད་ཐབས་གཉིས་ཕན་ཚུན་མཐུན་པའི་ཚད་གཞི་མཐོ་བའི་གཞི་རྩའི་ཞིང་ས་བཙུགས་ཏེ་དབུལ་ཕོངས་ས་ཁུལ་གྱི་ཞིང་བའི་ཡོང་འབབ་ཇེ་མཐོར་གཏོང་རྒྱུ་རེད།  །

       ཞེསགརོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།
 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-18 05:49 , Processed in 0.026765 second(s), 20 queries .

返回顶部