日志

༄༅།།བོད་ཁུལ་དེ་རེས་བསྐོར་གསར་པའི་གྲོང་གས ...

已有 235 次阅读2016-2-28 10:01 |系统分类:经济

 
༄༅།།བོད་ཁུལ་དེ་རེས་བསྐོར་གསར་པའི་གྲོང་གསེབ་གློག་གི་དྲ་བའི་ལེགས་བཅོས་རིམ་སྤར་གྱི་གཙོ་གནད་ལ་འགྱུར་བ།
ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
 

        རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིན་ཤས་གོང་རྒྱལ་ཁབ་གོང་འཕེལ་དང་འགྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་འཆར་བཀོད13པའི་རིང་རེས་བསྐོར་གསར་པའི་གྲོང་གསེབ་གློག་གི་དྲ་བ་ལེགས་བཅོས་རིམ་སྤར་གྱི་ལས་གྲའི་བསམ་འཆར་སྐོར་གྱི་བརྡ་ཐོ་ཞེས་པ་བརྒྱུད་སྤེལ་བྱས་ནས། རེས་བསྐོར་གསར་པའི་གྲོང་གསེབ་གློག་གི་དྲ་བ་ལེགས་བཅོས་རིམ་སྤར་ལས་གྲ་ལག་བསྟར་བྱ་རྒྱུ་སྟོན་ཡོད།བརྡ་ཐོའི་ནང་། སྤྱི་ལོ2020ལོར་སླེབ་སྐབས་རྒྱལ་ཡོངས་གྲོང་གསེབ་ས་ཁུལ་དུ་སྤྱིའི་ཆ་ནས་བརྟན་པོ་དང་བློད་འགེལ་མཆོག་པའི་གློག་མཁོ་འདོན་ཞབས་ཞུ་ཡོངས་ལ་ཁེབས་ཐུབ་པ་དང་། གློག་མཁོ་འདོན་ནུས་པ་དང་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། གྲོང་གསེབ་ཀྱི་གློག་གི་དྲ་བའི་གློག་མཁོ་འདོན་བྱེད་ཚད་བརྒྱ་ཆ99དང་གྲངས་ཆུང་༨ཟིན་པ། ཤར་རྒྱུད་ས་ཁུལ་དུ་གཞི་རྩའི་ཆ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་མཁོ་འདོན་ཞབས་ཞུ་ཆ་སྙོམས་ཡོང་བ། དབུས་ནུབ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་མཁོ་འདོན་ཞབས་ཞུའི་ཧེ་བག་ཚད་གཞི་ཆེན་པོས་ཆུང་དུ་འགྲོ་བ། དབུལ་ཕོངས་དང་ཐག་རིང་གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་བས་སྤྱིའི་ཆ་ནས་ཐོན་སྐྱེས་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་། རྫོང་རིམ་པའི་གློག་མཁོ་འདོན་ཁེ་ལས་ཀྱིས་སྤྱིའི་ཆ་ནས་དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་འཛུགས་ཐུབ་པ་བྱ་རྒྱུ་སྟོན་ཡོད།རིག་གཅིག་མཁས་པས་གྲོང་གསེབ་གློག་གི་དྲ་བའི་གཙོ་གནད་ནི་རྨང་གཞིའི་སྒྲིག་བཀོད་ཡིན་པ་དང་། ལོ་ལྔའི་འཆར་བཀོད13པའི་རིང་གྲོང་གསེབ་གློག་གི་དྲ་བ་ལེགས་བཅོས་རིམ་སྤར་དེ་དཔལ་འབྱོར་འཕར་གནས་གསར་པར་འགྱུར་བ་བྱ་རྒྱུ་ཡིན་པ་དང་གྲོང་བརྡལ་ཅན་ལ་འགྱུར་རྒྱུར་རྨང་གཞི་ལེགས་པོ་འདིང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། བརྡ་ཐོའི་ནང་། ཕྱོགས་ལྔའི་ཐད་ཀྱི་ལས་འགན་ཁ་གསལ་བཟོས་ཡོད་པ་དང་། དེའི་ནང་གྲོང་བརྡལ་ཆུང་གྲས་གསར་པ་དང་། ལྟེ་བའི་གྲོང་ཚོའི་གློག་གི་དྲ་བ་དང་ཞིང་ལས་ཐོན་སྐྱེས་ཀྱི་གློག་མཁོ་འདོན་སྒྲིག་བཀོད་ལེགས་བཅོས་རིམ་སྤར་ཇེ་མགྱོགས་སུ་གཏོང་བ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་སོགས་གྲོང་གསེབ་གློག་གི་དྲ་བ་ལེགས་བཅོས་ཀྱི་རྣམ་པ་ཚོལ་ཞིབ་བྱ་རྒྱུ། བོད་ལྗོངས་དང་ཤིན་ཅང། དེ་བཞིན་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་བོད་ཁུལ་བཞིའི་གྲོང་གསེབ་གློག་གི་དྲ་བའི་འཛུགས་བསྐྲུན་ཐད་འགག་གཏོར་ཡོང་བ་བྱ་རྒྱུ། ནུབ་རྒྱུད་དང་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་གློག་གི་དྲ་བ་ལེགས་བཅོས་རིམ་སྤར་བྱ་རྒྱུ་སོགས་ཚུད་ཡོད་པ་རེད། །

      ཅེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ལས་བཏུས་སོ།

 


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-18 20:53 , Processed in 0.026488 second(s), 20 queries .

返回顶部