日志

༄༅།།རྔ་བ་ཁུལ་གྱིས་ལོ་སར་རྫོགས་ལྡན་གཟའ་འཁ ...

已有 318 次阅读2016-2-28 09:49 |系统分类:经济

 
༄༅།།རྔ་བ་ཁུལ་གྱིས་ལོ་སར་རྫོགས་ལྡན་གཟའ་འཁོར་དུས་སྐབས་སུ་བསྡོམས་པས་
རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི81.3སྣེ་ལེན་བྱས་པ།
ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།
 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   2016ལོའི་ལོ་སར་རྫོགས་ལྡན་གཟའ་འཁོར་དུས་སྐབས་སུ། ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆྰང་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི81.3སྣེ་ལེན་བྱས་ཤིང་ན་ནིང་གི་དུས་མཉམ་དང་བསྡུར་ན16.59%ཇེ་མང་དུ་སོང་ཡོད། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར5.42མངོན་འགྱུར་བྱས་ཤིང་ན་ནིང་གི་དུས་མཉམ་ལས19.37%ཇེ་མཐོར་སོང་ཡོད། ཅི་ཧོང་གནམ་གྲུ་འབབ་ཚིགས་སུ་གནམ་གྲུ་ཕར་གཏོང་དང་ཚུར་ཡོང་བསྡོམས་པས་ཐེངས56དང་གནས་སྐོར་བ་མི་ཐེངས4868སྐྱེལ་འདྲེན་བྱས་ཤིང་། ཁུལ་ནས་ས་ཆ་གཞན་ལ་སྤྱི་སྤྱོད་རླངས་འཁོར་གཏོང་ཡོང་ཐེངས39.38ལ་སླེབས་ཡོད།

      རྫོགས་ལྡན་གཟའ་འཁོར་སྐབས་སུ། ཁུལ་དང་རྫོང་རིམ་པའི་གནས་སྐོར་སྡེ་ཁག་དང་འབྲེལ་ཡོད་གནས་སྐོར་ཁྲིམས་འཛིན་སྡེ་ཁག་གིས་མི་ཐེངས197བཏང་ནས་གནས་སྐོར་ཁྲིམས་འཛིན་ཞིབ་བཤེར་བྱ་འགུལ་ཐེངས44ལ་སྤེལ་བ་དང་། དེའི་ནང་མཉམ་འབྲེལ་ཞིབ་བཤེར་ཐེངས16ལ་སྤེལ་ཡོད། བསྡོམས་པས་སྣེ་ཤན་པ་མི296དང་གནས་སྐོར་ཚོགས་པ288ལ་ཞིབ་བཤེར་བྱས་ཤིང་། འབྲེལ་ཡོད་གནས་སྐོར་ཁེ་ལས་དང་བདག་གཉེར་ལས་ཁུངས213ལ་ཞིབ་བཤེར་བྱས། བསྡོམས་པས་གནས་སྐོར་འདྲི་རྟོག་ཁ་པར་ཐེངས572སྣེ་ལེན་བྱས་ཏེ་གནས་སྐོར་རྩོད་གླེང་དང་གནས་ཚུལ་ཞུ་གཏུག་གི་དོན་དག5མཐུན་སྦྱོར་བྱས། ཁུལ་མངའ་ཁོངས་སུ་གནས་སྐོར་ཞུ་གཏུག་དོན་རྐྱེན་དང་གནས་སྐོར་བདེ་འཇགས་དོན་རྐྱེན་གཅིག་ཀྱང་བྱུང་མེད།  ། 

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-11 06:29 , Processed in 0.057096 second(s), 20 queries .

返回顶部