日志

༄༅།།ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྷོ་ཁའི་མི ...

已有 255 次阅读2016-2-20 09:14 |系统分类:经济

 

༄༅།།ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྷོ་ཁའི་མི་གྲངས་ཁྲི7.9ཡི་དབུལ་པོའི་ཞྭ་མོ་ཕུད་པ།

ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།

 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁ་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་སྟེ་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་། ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། སྡེ་ཚན་མང་པོ་དང་མཉམ་འགུལ་བྱེད་པ། དབུལ་སྐྱོར་གསར་སྤེལ་ནང་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ཐོག་ནས་ལྷོ་ཁའི་དབུལ་སྐྱོར་ཆེན་པོའི་རྣམ་པ་གསར་པ་ཞིག་ཆགས་པ་བྱས་པས་དབུལ་སྐྱོར་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། བསྡོམས་རྩིས་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁ་ས་ཁུལ་གྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར11.27བཏང་ནས་དབུལ་སྐྱོར་འཆར་གཞིའི་མ་འཇོག་གི160.5%ལེགས་གྲུབ་ཟིན་ཏེ་ས་ཁུལ་དེ་ཡོངས་ཀྱི་མི་གྲངས78983དབུལ་སྒྲོལ་བྱུང་ཡོད་པ་རེད།

       རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁ་ས་ཁུལ་གྱིས་རྨང་གཞི་འཛུགས་སྐྲུན་དང་ཕུགས་ལ་དམིགས་པའི་དམིགས་ཚད་གཞིར་བཟུང་ཁྱོན་མ་དངུལ་སྒོར་དུང་ཕྱུར4.4བཏང་ནས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་455བསྐྲུན་པ་རེད། དེའི་ནང་མ་དངུལ་སྒོར་དུང་ཕྱུར2.8བཏང་ནས་ཞིང་ཆུ་འདྲེན་པའི་ཡུར་བུ་དང་། ཆུ་རྫིང་། འཕྲུལ་ཁྲོན། ཆུ་ལོག་འགོག་རགས་སོགས་ཆུ་བེད་ལས་གྲྭ་ཆུང་གྲས་བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར0.87བཏང་ནས་ཐོན་འབབ་དམའ་བའི་ཞིང་ཁ་སྒྱུར་བཀོད་སོགས་ཞིང་ནང་གི་གཞི་རྩའི་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་བ། མ་དངུལ་སྒོར་དུང་ཕྱུར0.73བཏང་ནས་བདེ་སྡོད་ལས་གྲྭའི་དུད་ཚང2930བསྐྲུན་པ་བཅས་ཀྱི་ཐོག་ནས་ཐོན་སྐྱེད་དང་འཚོ་བ་གོང་འཕེལ་གྱི་རྨང་གཞི་བརྟན་དུ་བཏང་བ་རེད།

       ཐོན་ལས་དབུལ་སྐྱོར་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཅིང་། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་དབུལ་སྐྱོར་རྣམ་གྲངས་རེ་རེ་བཞིན་སྔ་རྟིང་དུ་བསྐྲུན་ཟིན་ནས་ཡར་ཀླུང་གི་ས་གཞི་ཆེན་པོའི་ཐོག་རྩ་བ་བརྟན་ཚུགས་བྱུང་ནས་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁ་ས་ཁུལ་གྱིས་ཀྲུང་དབྱང་གི“70%གཉིས”ཀྱི་རྩ་དོན་ནན་ཏན་ངང་ལག་ལེན་བསྟར་ནས་འདེབས་འཛུགས་དང་། གསོ་སྤེལ། ཞིང་འབྲོག་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་སོགས་ཐོན་ལས་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བས་བོད་ལུགས་གསོ་བ་རིག་པའི་སྨན་རྩྭ་འདེབས་འཛུགས་དང་། བོད་བྱ་གསོ་ཚགས། ཟངས་ཆས་ལས་སྣོན། བསླས་འཐག རྡོ་བཤགས་བྱེ་འདོན་སོགས་གཙོ་བོར་བྱེད་པའི་ཐོན་ལས་མ་ལག་ཆགས་ཡོད་པ་རེད། “ཀུང་སི་དང་། ཞིང་དུད། མཐུན་ཚོགས”བཅས་ཟུང་དུ་སྦྲེལ་བའི་རྣམ་པ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར6.87བཏང་ནས་རྣམ་གྲངས715བསྐྲུན་པ་དང་། དབུལ་སྐྱོར་གྱི་སྣེ་འདྲེན་ཁེ་ལས3དང་རིགས་ཁག་གི་ཆེད་ལས་མཉམ་ལས་རྩ་འཛུགས21ལ་རྒྱབ་སྐྱོར་བྱས་པས་ཞིང་དུད་དགུ་སྟོང་ལྷག་ཙམ་དང་མི་གྲངས་ཁྲི་གསུམ་ལྷག་ཙམ་ལ་ཁྱབ་འགྱེད་སྣེ་ཁྲིད་ཐུབ་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར1000ཡན་བྱུང་ཡོད་པ་རེད།

       དབུལ་སྐྱོར་ཆེ་མོའི་རྣམ་པ་གཞི་རྩའི་ཆར་གྲུབ་པ་བྱས་ཤིང་། རེས་སྐོར་གསར་པའི་དབུལ་སྐྱོར་གསར་སྤེལ་ཁྲོད་ལྷོ་ཁ་ས་ཁུལ་གྱིས་དབུལ་སྐྱོར་བྱ་ཡུལ་དང་། དབུལ་སྐྱོར་དུས་མཚམས། དབུལ་སྐྱོར་ལས་འགན་བཅས་ཀྱི་འགྱུར་ལྡོག་གསར་པ་དང་འཚམ་པ་བྱས་ནས་དབུལ་སྐྱོར་གསར་སྤེལ་དེ“གཞན་བརྟེན་རྣམ་པ”དང་། “རགས་ལས་རྣམ་པ”“གཞན་དབང་རྣམ་པ”“ཁ་ཐོར་རྣམ་པ”བཅས་ནས“རང་བརྟེན་རྣམ་པ”དང་། “གནད་སྨིན་རྣམ་པ”“ཐེ་ཞུགས་རྣམ་པ”“སྤྱི་ཡོངས་རྣམ་པ”བཅས་བར་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། ཤང་ཧྲིལ་པོར་སྐུལ་འདེད་དང་། ཁྱོན་ཡོངས་ནས་དབུལ་སྐྱོར། དབུལ་སྐྱོར་གསོ་སྦྱོང་སོགས་ཆེད་དོན་དབུལ་སྐྱོར་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་ལས་རིགས་དབུལ་སྐྱོར་དང་། སྤྱི་ཚོགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། སྲིད་ཇུས་དབུལ་སྐྱོར་བཅས་ཀྱི་ལས་དོན་ལའང་སྐུལ་སྤེལ་བཏང་ཡོད། ལས་རིགས་ཁག་གི་སྡེ་ཚན་གྱིས་འགན་ནུས་ལེགས་ཆ་འདོན་སྤེལ་བྱས་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་ནང་ཞུགས་རྒྱུར་མཐུན་སྦྱོར་བྱས་པ་དང་། ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། བོད་སྐྱོར་གྱི་དབུལ་སྐྱོར་ཟབ་ཏུ་བཏང་ནས2013ལོ་ནས་བཟུང་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་ཁྲི4625བཏང་བས་ས་ཁུལ་དབུལ་པོའི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད། ལོ་རེའི་སྐྱེད་ཚད1.08%ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་དུད་ཚང་ལ་དངུལ་བུན་གཏོང་བ་དང་རྣམ་གྲངས་ཀྱི་དངུལ་བུན་གཏོང་བའི་བྱ་ཐབས་ཁག་གཉིས་སྤྱད་དེ2013ལོ་ནས་བཟུང་རིམ་རྩིས་བྱས་ན་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར30.55བཏང་བས་ས་ཁུལ་དབུལ་པོའི་མང་ཚོགས་དང་། ཁེ་ལས། ཆེད་ལས་མཉམ་ལས་རྩ་འཛུགས་བཅས་ཀྱི་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཐད་ཀྱི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

       ལོ་ལྔ་ཚན་བཅུ་གཉིས་པའི་རིང་ང་ཚོས་ཐབས་ལམ་མི་རྙོག་པ་དང་། སྤྱོད་ཡུལ་མི་འགྱུར་བ། གཅིག་གྱུར་འཆར་འགོད། ཁག་བགོས་འགན་འཁུར། རང་འགན་གཙང་སྒྲུབ། བྱས་རྗེས་ཐོ་འགོད་བཅས་ཀྱི་རྩ་དོན་གཞིར་བཟུང་དབུལ་སྐྱོར་མ་དངུལ་གཅིག་འདོམས་ཀྱིས་སྤྱོད་པ་དང་གཙོ་གནད་དབུལ་པོའི་ཁོངས་གཏོགས་གནད་འཁེལ་པོས་བཙལ་ནས་དབུལ་སྐྱོར་གསར་སྤེལ་ཐད་སྤྱད་པ་རེད། ཤང་ཧྲིལ་པོར་སྐུལ་འདེད་དང་། གུན་གསབ་ལས་སྤྲོད། དུད་ཚང་ལ་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་བཅས་དང་དེ་བཞིན་མཐའ་དར་དམངས་ཕྱུག་འདུ་འགོད་ལག་ལེན་བསྟར་བ་བརྒྱུད་ཐོན་ཁུངས་གསབ་རེས་དང་། ལེགས་ཆ་གསབ་རེས། ལག་སྦྲེལ་མདུན་སྐྱོད། མཉམ་ལས་གཉིས་ཕན་བཅས་ཀྱི་ཐབས་ལམ་གསར་པ་བཏོད་ཡོད་ཅེས་ལྷོ་ཁ་ས་ཁུལ་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཏེང་ཅན་ཅུན་གྱིས་གསར་འགོད་པར་བརྗོད་བྱུང་།

      ལས་དོན་ཏན་ཏིག་དང་ནུས་ལྡན་སྤེལ་བ་བརྒྱུད་ལྷོ་ཁ་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ། མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། མི་འབོར་དབུལ་པོ་སྔར་བས་ཉུང་དུ་ཕྱིན་པ་བཅས་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་དེ་ཡོངས་ཀྱི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར2300མན་གྱི་མི་འབོར་དབུལ་པོ2010ལོའི་མི་ཁྲི10.11ནས2014ལོའི་ལོ་མཇུག་གི་མི་ཁྲི3.7བར་ཉུང་དུ་ཕྱིན་པ་དང་དབུལ་པོར་འགྱུར་ཚད33.7%ནས12.5%བར་ཆག་ཡོད་པ་རེད།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-20 03:49 , Processed in 0.026618 second(s), 20 queries .

返回顶部