|
ཐོན་ལས་འཕེལ་རྒྱས་ལེགས་པ། ཐོན་ལས་ཐེངས་གསུམ་གྱི་སྡུར་གྲངས་ལེགས་འགྱུར་བྱེད་ཚད་3.3:38.2:58.5ཡིན་པ་དང་། “གསུམ་གཉིས་གཅིག་”གི་སྒྲིག་གཞི་འོས་འཚམས་ཤིག་ཏུ་གནས་ཡོད་ཅིང་། ཐོན་ལས་དབར་གྱི་འབྲེལ་འདྲིས་རང་བཞིན་དང་ཁ་མཐུན་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་། ཞིང་ལས་རྨང་གཞི་བརྟན་པ་དང་། གྲོང་ཁྱེར་ཡོངས་ཀྱི་འབྲུ་སྣུམ་སྤྱིའི་ཐོན་ཚད་ཏུན་དུང་ཕྱུར་19.3ཟིན་ཡོད་པས་འཕེལ་རྒྱས་ལེགས་པོ་བྱུང་ཡོད། དེ་བཞིན་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་འཛུགས་པའི་དམིགས་ཚད་བཟུང་སྟེ། ཡུལ་སྐོར་ཐོན་ལས་ཁ་སྒྱུར་ཚད་མཐོར་བཏང་བས། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་155ཟིན་པས། དཔལ་འབྱོར་འཕེལ་རྒྱས་ཐོག་ལ་ཕན་ནུས་ཆེན་པོ་ཐོན། ཐོན་ལས་གསུམ་པ་འཕེལ་ཚད་དེ་སྒོར་དུང་ཕྱུར་227.6ཟིན་པས། 8.9%འཕར་བ་དང་། GDPཡི་ཟིན་ཚད་དེ་58.5%ཡིན།
གོང་འཕེལ་གྱི་དཔུང་ཤུགས་འཛོམས་པ། རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་ནུས་ཆེ་རུ་སོང་བ། ཐབས་ནུས་ཅི་ཡོད་ཀྱིས་མ་འཇོག་དང་། རྣམ་གྲངས་ལེན་པ། གོང་འཕེལ་ལ་སྐུལ་འདེད་བཏང་བས། གཏན་འཇགས་མ་རྩ་མ་འཇོག་བྱེད་ཚད་18%བརྟན་སྲུང་ཐུབ་པས། སྒོར་དུང་ཕྱུར་538ཟིན་པ་དང་། ལྗོངས་ཡོངས་ཀྱི་40%ཟིན། ད་དུང་“ཁྱད་ཆོས་ལྡན་པ་དང་། བསྣོལ་མར་གོང་འཕེལ་”གཏོང་བའི་རྩ་དོན་ལ་གཞིགས་ཏེ། ཐོན་ལས་སྐྱེད་སྲིང་ལེགས་པོ་བྱེད་པ། ཁྱད་རྟགས་བཟོས་ཏེ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་། སྣེའུ་མཐོ་གསར་ཁུལ། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ། གྲོང་ཁུལ་རྙིང་པ། དབྱིངས་སྡོད་གསར་ཁུལ་བཅས་“ནུས་ལྡན་ཁུལ་ལྔ་”དང་། སྟག་རྩེ། ཆུ་ཤུལ། སྟོད་ལུང་བདེ་ཆེན་སོགས་“བཟོ་ལས་ར་བ་གསུམ་”གྱི་དཔལ་འབྱོར་གོང་འཕེལ་གྱི་སྒྲིག་བཀོད་གསར་པ་རིམ་བཞིན་གྲུབ་པ་བྱེད་དགོས།
སྒྱུར་བཅོས་ཀྱི་ཐབས་ཇུས་གསར་པ་ཡིན་པ། སྒྱུར་བཅོས་གསར་གཏོད་ཀྱི་བསམ་བློ་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལྷུ་ཚིགས་ཡོད་ཚད་ལ་བཞག་སྟེ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་། བསམ་བློ། ཐབས་ཤེས་བཅས་ལ་བརྟེན་ཏེ་གོང་འཕེལ་གྱི་ཁོར་ཡུག་འཐུས་ཚང་དང་། གོང་འཕེལ་གྱི་སྒུལ་ཤུགས་གསར་པ་བསྣན་པ་རེད། སྲིད་འཛིན་ལམ་ལུགས་ལ་སྒྱུར་བཅོས་གཏིང་ཟབ་དང་། ཕྱོགས་ཡོངས་ནས་སྲིད་འཛིན་དབང་ཤུགས་ཀྱི་ཞིབ་ཐོ་བཟོ་བ་དང་། ལྟ་སྐུལ་དོ་དམ་གྱི་ཞིབ་ཐོ་བཟོ་བ། ལྡོག་ནུས་ཀྱི་ཞིབ་ཐོ་བཅས་“ཞིབ་ཐོ་གསུམ་”གྱི་ལམ་ལུགས་བཙུགས་པ་དང་། སྲིད་འཛིན་ཆོག་མཆན་ལས་གཞི་སྟབས་བདེ་གོ་སྒྲིག་བྱེད་ཚད་དེ་64.68%ཟིན། མ་དངུལ་སྒོར་ཁྲི་3000བཏང་སྟེ་ཚན་རྩལ་རྣམ་གྲངས་57ལག་ཏུ་བསྟར་ཞིང་། མ་དངུལ་སྒོར་ཁྲི་2000བཏང་སྟེ་སློབ་གྲྭ་ཆེན་མོ་བའི་གསར་གཏོད་ལས་གཞིའི་སྐྱེད་སྲིང་ར་བ་ཐོག་མ་དེ་བཙུགས་པས། དམངས་བྱིངས་ཀྱིས་བྱ་གཞག་གསར་གཏོད་དང་། ཕལ་ཆེ་བས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ཡོད།
དམངས་འཚོ་ལེགས་བཅོས་འཐུས་ཚང་གཏོང་བ། མཉམ་རོལ་གྱི་རྣམ་པ་གོང་འཕེལ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གིས་ཡོང་འབབ་ཆུ་ཚད་མཐོར་འདེགས་དང་། སྤྱི་ཚོགས་ཀྱི་འགན་བཅོལ་དང་འཚོ་བའི་སྤུས་ཚད་གོང་མཐོར་བཏང་སྟེ། དབུལ་ཕོངས་ཁྲི་2ཙམ་དབུལ་གྲོལ་ཐུབ་པས། “2015ལོར་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་བྱས་རྗེས་དམིགས་བསལ་ཅན་གྱི་གྲོང་ཁྱེར་”“རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་དམངས་འཚོ་ལེགས་བཅོས་ཀྱི་དཔེ་སྟོན་གྲོང་ཁྱེར་”ཞེས་པའི་གཟི་བརྗིད་མཚན་སྙན་ཡང་ཐོབ་པ་དང་། ལོ་ཧྲིལ་པོར་མ་དངུལ་དུང་ཕྱུར་40ཙམ་བཏང་སྟེ། དམངས་འཚོ་ལེགས་བཅོས་མངོན་གྱུར་ཆེད་འབད་པ་ཆེན་པོ་བྱས་ཡོད།
ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།