博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་དམངས་ ...

已有 783 次阅读2016-2-18 09:04 |系统分类:时尚

 
༄༅།།མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་
བྱེད་ཆོག་པའི་ཡོང་སྒོ་སྒོར་སྟོང་བདུན་དང་དགུ་བརྒྱ་སོ་གསུམ་ལྷག་ལ་སླེབས།
ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོར། མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་ཁྱད་ཆོས་ཀྱི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་དམིགས་ནས། གྲུབ་ཚུལ་ལེགས་སྒྲིག་དང་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་བས། ཞིང་ཕྱུགས་ལས་དཔལ་འབྱོར་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་། སྔོན་དཔག་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་འཕར་སྣོན་ཐོན་རིན་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་ལ་སླེབས་པ་དང་། བརྒྱ་ཆའི་ལྔ་འཕར་ལ། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོ་སྒོར་སྟོང་བདུན་དང་དགུ་བརྒྱ་སོ་གསུམ་ལྷག་ལ་སླེབས་ནས། བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དགུ་འཕར།

      རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཆ་སྙོམས་ཀྱིས་ལོ་རེར་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་ལྔ་འཕར་སྣོན་བྱུང་བ་དང་། ལྷག་པར་དུ་དཀའ་ཁག་ཆེ་བའི་མི་གྲངས་དེ་སྔར་གྱི་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བརྒྱད་སྟོང་དྲུག་ནས་ད་ལྟའི་འབུམ་ལྔ་དང་ཁྲི་གཉིས་སུ་ཇེ་ཉུང་དུ་སོང་ལ། འབྲོག་པ་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཅིག་གཏན་སྡོད་བྱས་ལ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་འབུམ་བཞི་ཁྲི་བཞི་སྟོང་གཉིས་བསྒྱུར་བཀོད་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ཕལ་ཆེར་ཐག་བཅད།

      ཉེ་ལམ་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་སྟེང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོའི་འཕར་སྣོན་དམིགས་འབེན་དེ་བརྒྱ་ཆའི་དགུ་ཡན་དུ་གཏན་ཁེལ་བྱས། རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ2014ལོའི་སྔོན་དུ་གྲངས་གནས་གཉིས་ཀྱི་འཕར་སྣོན་རྒྱུན་འཁྱོངས་བྱས་ཡོད་པ་དང་། 2015ལོར་ལྡབ་གཅིག་གིས་ཇེ་མང་དུ་སོང་།

      ཡོང་སྒོའི་རྨང་གྲངས་འཕར་སྣོན་བྱས་པ་དང་། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། རྗེས་ཕྱོགས་རོང་འབྲོག་དམངས་ཀྱི་ཡོང་སྒོ་གཏན་འཇགས་ངང་ཇེ་མང་དུ་གཏོང་ན། གཙོ་བོར་ཞིང་ཕྱུགས་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱིས་རིགས་གསར་བའི་ཚོང་གཉེར་གཙོ་བོར་རོགས་སྐྱོར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཁྱད་ཆོས་དང་ཕན་མཐོ། སྐྱེ་ལྡན། ཚོང་རྟགས་གྲགས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་བྱེད་པར་བརྟེན་ནས། རོང་འབྲོག་མང་ཚོགས་ཀྱི་ཚོང་གཉེར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་རེད།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 


 

发表评论 评论 (1 个评论)

回复 ljh8520035 2016-2-18 09:10
2015年青海省农牧民可支配收入达7933元!

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-9 13:21 , Processed in 0.028958 second(s), 21 queries .

返回顶部