博客西藏在最高处过一种生活

日志

༄༅།།ཆི་ལེན་རྫོང་གི་རྫོང་རིམ་པའི་མགོ་ཁྲིད ...

已有 719 次阅读2016-2-18 08:59 |系统分类:时尚

 
༄༅།།ཆི་ལེན་རྫོང་གི་རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཞི་ཅིན་ཕེན་གྱི་གསུངས་བཤད་
གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱས།
ཡོང་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཨུ་དང་ཏང་ཙུའུ་སོ་སོས་མགོ་ཁྲིད་དེ་སློབ་སྦྱོང་བྱེད་པ། ཏང་ཡོན་གྱིས་མགོ་ཁྲིད་དེ་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་པ། གསུངས་བཤད་དགོངས་དོན་གྱིས་ལག་ལེན་ལ་མཛུབ་སྟོན་དང་བསམ་ལམ་གསལ་བོ་བྱ་བར་སྐུལ་འདེད་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་གནད་ཕིགས་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བར་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་བྱེད་པ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ནས། ལས་ཁུངས་ནས་གཞི་རིམ་དང་ཏང་ཡོན་ནས་མང་ཚོགས་ཀྱི་སྟེང་ཁེབས་པར་བྱས།

      ཆི་ལེན་རྫོང་གིས་ཆེད་དོན་བརྗེ་རེས་གྲོས་ཚོགས་ཚོགས་པ་དང་། དཔྱད་བརྗོད་ཡིག་རིགས་འབྲི་བ། སློབ་སྦྱོང་གི་ཉམས་མྱོང་བརྗེ་རེས་དང་བྱ་བའི་བྱེད་ཐབས་ལ་གྲོས་བསྡུར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྒྱུད་རིམ་ལྡན་པ་དང་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་རྗེས་འདེད་སློབ་སྦྱོང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས། རྫོང་ཡོངས་ཀྱི་ཞང་དང་གྲོང་བརྡལ་བདུན་དང་། སྡེ་ཁག་བཞི་བཅུ་ལྷག་གིས་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ཏེ་ཆེད་དོན་སློབ་སྦྱོང་འཛིན་གྲྭ་དང་ཟུར་ཁྲིད་འཛིན་གྲྭ ཞིབ་བསྡུར་འཛིན་གྲྭ སྐུལ་སློང་གྲོས་ཚོགས་སོགས་བསྡུས་ཏེ། གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས། མིག་སྔའི་བར་དུ། རྫོང་ཡོངས་ནས་རིགས་མི་འདྲ་བའི་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱ་ཙམ་བསྡུས་པ་དང་མི་སྟོང་གཉིས་དང་དགུ་བརྒྱ་སོ་བདུན་ལ་གསོ་སྦྱོང་བྱས།

      ཆི་ལེན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མཛུབ་སྟོན་དུ་བྱས་ནས། མུ་མཐུད་དུ་འཕེལ་རྒྱས་བསམ་ལམ་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་འདེད་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བྱ་བར་འཆར་འགོད་ཞིབ་མོ་བྱས་ནས། བསྡོམས་པས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ལག་བསྟར་ལས་གཞི་བརྒྱ་དང་རེ་བརྒྱད་གསོག་འཇོག་བྱས་པ་དང་། སྔོན་རྩིས་ལྟར་ན་སྤྱིའི་མ་དངུལ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བདུན་དུང་ཕྱུར་གཉིས་བྱེ་བ་བརྒྱད་གཏོང་རྒྱུ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་མཐོར་འདེགས་བཟོ་སྐྲུན་སྲ་བརྟན་དུ་གཏོང་རྒྱུ་དེ་བྱ་བ་གཙོ་བོར་བརྩིས་ནས། འགལ་རྩོད་ཐག་གཅོད་བྱེད་ཤུགས་ཇེ་ཆེར་བཏང་། ཀུན་སྤྱོད་ལེགས་པའི་ཡུལ་གྲོང་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་སོགས་ཀྱི་གསར་འཛུགས་བྱ་འགུལ་འདྲེན་བྱེད་དུ་བྱས་ཏེ། ཁྲིམས་སྐྱོང་ཆི་ལེན་དང་དཔལ་ཡོན་ཆི་ལེན། བདེ་འཇགས་ཆི་ལེན་འཛུགས་སྐྲུན་སྤེལ།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་ོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-24 22:17 , Processed in 0.023922 second(s), 21 queries .

返回顶部