日志

༄༅།།མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ ...

已有 345 次阅读2016-1-29 09:11 |系统分类:经济

 
༄༅།།མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཚོགས་པ་བགོས་ནས་སྲིད་གཞུང་བྱ་བའི་
སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ལ་གྲོས་ཞིབ་བྱས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བས་མུ་མཐུད་དུ་ཚོགས་པ་བགོས་ནས་གྲོས་ཞིབ་བྱས། འཐུས་མི་ཚོས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ལ་དམིགས་ནས། བརྗོད་དོན་དང་དམ་དུ་སྦྲེལ་བ་དང་སྦ་གསང་ཅི་ཡང་མེད་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས།

      གྲོས་ཞིབ་ཁྲོད། འཐུས་མི་ཚོས་སྲིད་གཞུང་བྱ་བའི་སྙན་ཞུས་ཕྱི་ངོས་ནས་ན་ནིང་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་དང་གཞི་རྩའི་ཉམས་མྱོང་ལ་སྤྱི་སྡོམ་བྱས་པ་དང་། སྙན་ཞུ་ལས་ད་དུང་ད་ལོའི་བྱ་བར་ཕྱོགས་དྲུག་ཐད་ནས་བཀོད་སྒྲིག་ཞིབ་མོ་བྱས་ཡོད། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་དང་། ཧ་ཅང་གནད་འགག་གི་ལོ་གཅིག་ཡིན་པས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་འགྲོ་ཕྱོགས་དང་མཐུན་པར་བྱེད་དགོས་པ་མ་ཟད། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་གཙོ་གནད་རྒྱུན་འཁྱོངས་བྱེད་པ་དང་། མཁོ་འདོན་ལོགས་ཀྱི་བཅོས་བསྒྱུར་གྱིས་དཔལ་འབྱོར་གྱི་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བྱས་ཏེ། ཚན་རྩལ་གསར་གཏོད་ནུས་པ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། མྱུར་དུ་བཟོ་ལས་ཀྱི་གྲུབ་ཚུལ་བསྒྱུར་བ་དང་རིམ་པ་སྤོར་དགོས། ཕན་ཡོད་དགོས་མཁོ་རྒྱ་བསྐྱེད་པར་བརྟེན་ནས་དཔལ་འབྱོར་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱེད་པ་དང་། དངུལ་གཏོང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། རྨང་གཞིའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་རབ་མཛེས་མཚོ་སྔོན་གསར་སྐྲུན་བྱེད་པའི་དགེ་མཚན་གསར་བ་རུ་བརྩིས་ཏེ། སྐྱེ་ཁམས་སྲུང་སྐྱོབ་གོ་གནས་གཙོ་བོར་འཇོག་པའི་འདུ་ཤེས་བརྟན་པོ་བཅངས་དགོས། དེ་དང་མཉམ་དུ། ཕན་ནུས་ཡོད་པའི་སྒོ་ནས་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་་གཏོང་བ་དང་། གྲོང་གསེབ་ཅན་དུ་བསྒྱུར་ཚད་ཇེ་མཐོར་གཏོང་བ། ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་སྤེལ་བ། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། རྒན་གསོ། བདེ་སྲུང་། སྡོད་ཁང་ཞབས་ཞུ་སོགས་ཕྱོགས་སུ་ཤུགས་འདོན་པ། རྒྱུན་མཐུད་དེ་དམངས་ཚིས་ཕན་འབྲས་ལེགས་བསྒྱུར་བྱེད་པ་དང་། མུ་མཐུད་ནས་སྐྱེ་ཁམས་དང་ཁྲིམས་འཛིན། སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་གྱི་རྨང་གཞིའི་སྟེང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚོང་རའི་གསོན་ཤུགས་གཙོ་བོ་ཇེ་དྲག་ཏུ་གཏོང་བར་ཤུགས་བཏོན་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་པའི་བསམ་ཚུལ་བསྟན།

       ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། འཐུས་མི་ཚོས་མཐའ་གཅིག་ཏུ། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ཁྲོད་ཁྱབ་པར་བྱས་པ་དེས། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་མཚོན་པར་བྱས་པ་དང་། མིག་སྔར་ལ་རྐང་འཛུགས་པ་དང་ཡུན་རིང་ལ་འཆར་འགོད་བྱེད་པ། གཏན་འཇགས་ངང་འཕར་སྣོན་བྱེད་པ་དང་གྲུབ་ཚུལ་ལེགས་སྒྲིག རང་ནུས་ཅི་ལྕོགས་དང་རང་གི་ནུས་པ་དང་བསྟུན་པ། ནང་མཁོ་རྒྱ་བསྐྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཡོད་ཟེར། འཆར་འགོད་འཆར་ཟིན་ཐད་ནས་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཁོར་ཡུག་དང་འཕར་སྣོན་སྦས་ཤུགས། དངོས་ཡོད་དགོས་མཁོ། འཕེལ་རྒྱས་ཆོས་ཉིད་བཅས་ལ་དབྱེ་ཞིབ་བྱས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གནས་བབ་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་ཁ་ཕྱོགས། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འཕེལ་ཕྱོགས་ལ་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འཕེལ་རྒྱས་དང2016ལོའི་བྱ་བའི་བསམ་ཕྱོགས་ལ་འཆར་འགོད་བྱས་པ་དང་། བསམ་ཕྱོགས་གསལ་བོ་དང་དམིགས་འབེན་གསལ་བོ། བྱེད་ཐབས་བརྟན་བརླིང་ཡིན་པ་མ་ཟད། འཕེལ་ཚུལ་བསྒྱུར་བ་དང་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་བསྒྱུར་བྱེད་པའི་གཙོ་ཐིག་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད། ཞིང་ཆེན་ཡོངས་ནས་བསམ་བློའི་གོ་རྟོགས་ལ་གཅིག་གྱུར་བྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་ད་ལོའི་བྱ་བ་ལག་བསྟར་བཟང་བོ་བྱེད་པའི་ཐད་ནས་བསམ་བློའི་རྨང་གཞི་བརྟན་པོ་བཏིངས། དེ་དང་མཉམ་དུ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལྟར་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལས་གཞི་སྦྲེལ་མཐུད་བཟང་བོ་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་བྱ་བ་གཙོ་བོ་དང་ད་ལོའི་བྱ་བའི་ལས་འགན་སྣ་ཚོགས་ལ་འཆར་འགོད་ནན་མོ་བྱེད་རྒྱུའི་ཚུལ་བསྟན། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་བོད་ཀྱི་དྲ་བ་ལས་བཏུས་སོ།

 


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-15 09:28 , Processed in 0.056384 second(s), 20 queries .

返回顶部