博客西藏在最高处过一种生活

日志

༄༅།།རིན་གོང་སྒོར་འབུམ་གསུམ་གྱི་རོགས་སྐྱོ ...

已有 706 次阅读2016-1-25 09:52 |系统分类:时尚

 
༄༅།།རིན་གོང་སྒོར་འབུམ་གསུམ་གྱི་རོགས་སྐྱོར་དངོས་ཟོག་མིན་ཡོན་རྫོང་དུ་འབྱོར།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
 

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་བཅོ་བརྒྱད་སྟེང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་མཚོ་སྔོན་ཞིང་ཆེན་གནོད་སྐྱོབ་རུ་ཁག་གི་མི་བཅུ་བོ་མིན་ཡོན་རྫོང་དུ་ཐོན་ནས། གནོད་ཐེབས་ཁུལ་ལ་རིན་གོང་སྒོར་འབུམ་གསུམ་གྱི་གནོད་སྐྱོབ་དངོས་ཟོག་བྱིན།

      མིན་ཡོན་རྫོང་གི་དྲོད་གྲངས་དམའ་བའི་རྐྱེན་གྱིས། ས་འགུལ་རྒྱུགས་རྗེས་ལས་བྱེད་པ་དང་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བའི་ཐད་གནོད་པ་ཆེན་པོ་སྐྱེལ་བ་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ས་འགུལ་གྱི་གནོད་འཚེ་ཐེབས་སའི་ས་ཁུལ་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ནས། མྱུར་དུ་མིན་ཡོན་རྫོང་དུ་རིན་གོང་སྒོར་འབུམ་གསུམ་གྱི་རས་གུར་དང་ཉལ་ཐུལ། སྟོད་ལྭ་བར་འཚང་ཅན། ལྟེབས་ཆོག་པའི་ཉལ་ཁྲི་སོགས་དངོས་ཟོག་མཁོ་འདོན་བྱས་པ་དང་། མིག་སྔར་དངོས་ཟོག་དེ་དག་མིན་ཡོན་རྫོང་གི་རྒྱ་གྲམ་དམར་པོའི་ཚོགས་པར་སྤྲད་ཡོད།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 11:59 , Processed in 0.024787 second(s), 21 queries .

返回顶部