博客西藏在最高处过一种生活

日志

༄༅།།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ ...

已有 764 次阅读2016-1-25 09:47 |系统分类:时尚

 
༄༅།།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་
གསུམ་ལྷག་བཏང་ནས་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བྱས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་གོ་སྐབས་དང་དམངས་ཚིས་ལེགས་བསྒྱུར་བྱེད་པའི་ཕན་ཡོད་གོ་སྐབས་དམ་འཛིན་བྱས་ནས། རྒྱལ་ཁབ་ཀྱི་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། སྨན་བཅོས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ་བཅས། མིག་སྔའི་བར་དུ། བསྡོམས་པས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་མ་དངུལ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་གཅིག་བཀོད་སྒྲིག་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་བསམ་པའི་འཕྲོད་བསྟེན་འགོག་བཅོས་མ་ལག བྱིས་པའི་སྨན་བཅོས་ཞབས་ཞུའི་མ་ལག་སོགས་མ་ལག་བཅུ་གསུམ་འཐུས་ཚང་དུ་བཏང་།

       ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྫོང་རིམ་པའི་སྨན་ཁང་སོ་གསུམ་དང་། ཞང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་ཉིས་བརྒྱ་དང་གྱ་ལྔ། སྡེ་བའི་འཕྲོད་བསྟེན་ཁང་སྟོང་གཅིག་དང་ལྔ་བརྒྱ་ཞེ་གཉིས། སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལས་སྒོའི་ཁང་བ་བཞི་དང་ཞང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་གི་གནས་སྐབས་ཀྱི་ཉལ་ཁང་དགུ་བརྒྱ་བཅོ་ལྔ་ལས་པ་མ་ཟད། ཞིང་སྡེའི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་སོ་གསུམ་སྡེབས་སྒྲིག་བྱས། རྫོང་རིམ་པའི་མྱུར་སྐྱོབ་ལྟེ་གནས་ང་གསུམ་དང་། ཁུལ་རིམ་པའི་འཕྲོད་བསྟེན་ལྟ་སྐུལ་ཁང་གི་ལས་སྒོའི་ཁང་བ་ཞེ་དྲུག་ལས་ལ། ཁུལ་རིམ་པའི་ སྨན་ཁང་གི་མཐོ་གནོན་དབྱང་དབུགས་མཛོད་ཀྱི་ལས་སྒོའི་ཁང་བ་བཞི་དང་རྫོང་རིམ་པའི་སྨན་ཁང་གི་མཐོ་གནོན་དབྱང་དབུགས་མཛོད་ཀྱི་ལས་སྒོའི་ཁང་བ་སོ་ལྔ་ལས་པ་མ་ཟད་ཆ་སྡེབས་སྒྲིག་ཆས་བཀོད་སྒྲིག་བྱས། ཁུལ་རིམ་པའི་སྨན་ཁང་ཐད་ནས་གཙོ་བོར་ཕྱོགས་བསྡུས་སྨན་ཁང་དགུ་དང་མི་རིགས་དང་ཆེད་ལས་སྨན་ཁང་ལྔ་ཡི་ལས་སྒོའི་ཁང་བ་ལས་པ་དང་། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་ཕྱོགས་བསྡུས་སྨན་ཁང་དྲུག་གི་སྨྱོ་ནད་ཆེད་ལས་ཚན་ཁག་བཙུགས། ཞིང་ཆེན་རིམ་པའི་ཕྱོགས་ནས་ཕྱོགས་བསྡུས་སྨན་ཁང་དགུ་དང་ཆེད་ལས་སྨན་ཁང་དྲུག་གི་ལས་སྒོའི་ཁང་བ་འཛུགས་སྐྲུན་བྱས། ནད་རིགས་ལྕི་མོའི་འགོག་སྲུང་མ་ལག་ཐད་ནས་གཙོ་བོར་ལས་རིགས་ནད་འགོག་བཅོས་ཁང་གསུམ་དང་། ས་གནས་ནད་རིགས་དང་དལ་བའི་རང་བཞིན་གྱི་ནད་ཀྱི་འགོག་བཅོས་ཁང་གསུམ་ལས་ལ། ཞིང་ཆེན་རིམ་པའི་བུད་མེད་བྱིས་པའི་བདེ་སྲུང་ཁང་གཅིག་དང་ཁུལ་རིམ་པའི་བུད་མེད་བྱིས་པའི་བདེ་སྲུང་ཁང་གསུམ། རྫོང་རིམ་པའི་བུད་མེད་བྱིས་པའི་བདེ་སྲུང་ཁང་བརྒྱད་འཛུགས་སྐྲུན་བྱས། ཁུལ་རིམ་པའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་གསུམ་དང་རྫོང་རིམ་པའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་བཅུ་ལས་པ་མ་ཟད། ཞིང་ཆེན་རིམ་པའི་ནད་ཡམས་ཚོད་འཛིན་ལྟེ་གནས་དང་ཁུལ་དང་གྲོང་ཁྱེར་གྱི་ནད་ཡམས་ཚོད་འཛིན་ལྟེ་གནས་ལ་ཟས་རིགས་བདེ་འཇགས་ཐད་ཀྱི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་སྒྲིག་ཆས་སྡེབས་སྒྲིག་བྱས། རྫོང་རིམ་པའི་འཆར་ལྡན་བུ་སྐྱེས་ཞབས་ཞུའི་ས་ཚིགས་བརྒྱད་ལས་པ་དང་། རྫོང་བདུན་ལ་སོ་སོར་འཁོར་སྐྱོད་ཞབས་ཞུ་རླངས་འཁོར་གཅིག་རེ་བཀོད་སྒྲིག་བྱས་ལ། རྫོང་ཞེ་གཅིག་ལ་མ་སྦྲུམ་སྔོན་གྱི་ལུས་ཕུངས་བརྟག་དཔྱད་སྒྲིག་ཆས་སྡེབས་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་ཆ་འཕྲིན་ཅན་དང་གཞི་རྩའི་སྨན་རྫས་གཅིག་བསྡུས་སྒོས་ཉོ་བསྡུ་བྱེད་པའི་བཀོལ་སྤྱོད་མ་ལག གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་དོ་དམ་ཆ་འཕྲིན་མ་ལག་བཅས་ཀྱི་ལས་གཞི་འཛུགས་སྐྲུན་བྱས།   ། 

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

  

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 07:54 , Processed in 0.024272 second(s), 21 queries .

返回顶部