博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་མཚེའུ་བཞི་རྒྱལ་ ...

已有 748 次阅读2016-1-21 10:02 |系统分类:时尚

 
༄༅།།མཚོ་སྔོན་ཞིང་ཆེན་གྱི་མཚེའུ་བཞི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲོང་སྐྱོབ་ལས་གཞིའི་ཁྲོད་ཚུད།

ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།

        གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁི་ལུའུ་ཁི་མཚེའུ་དང་ཚྭ་རྔ་འགག་ཆུ་མཛོད། སྔོ་རྒྱ་འགག་ཆུ་མཛོད། རྨ་ཆུའི་མགོ་ཁུངས་ཀྱི་མཚེའུའི་ཚོགས་བཅས་མཚེའུ་བཞི་རྒྱལ་ཁབ་ཆུའི་རྒྱུ་སྤུས་ཅུང་བཟང་བའི་མཚེའུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞིའི་ཁྲོད་བཞག་པའི་ཚུན་ནས། བསྡོམས་པས་ཀྲུང་དབྱང་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ལྷག་བཏང་།

       མཚེའུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། བཙོག་བཟོ་བྱས་རྗེས་ད་གཟོད་བཅོས་སྐྱོང་བྱེད་པའི་ལམ་རྙིང་དུ་བསྐྱོད་པར་སྔོན་འགོག་བྱེད་ཆེད། རང་རྒྱལ་གྱིས་ཆུའི་རྒྱུ་སྤུས་ཅུང་བཟང་བའི་མཚེའུ་སུམ་བརྒྱ་རེ་ལྔ་དེ་རང་བྱུང་ཁྱབ་ཚུལ་ཁུལ་ཁོངས་ལྔ་རུ་བགོས་ནས་སྲུང་སྐྱོབ་བྱས་པ་དང་། རང་བྱུང་ཁྱབ་ཚུལ་ཁུལ་ཁོངས་ལྔ་བོ་སོ་སོ་ནི་ཤར་བྱང་མཚེའུ་ཁུལ་དང་ཤར་རྒྱུད་མཚེའུ་ཁུལ། ཡུན་ཀོས་མཚེའུ་ཁུལ། ནང་སོག་དང་ཞིན་ཅང་མཚེའུ་ཁུལ། མཚོ་བོད་མཚེའུ་ཁུལ་བཅས་རེད། གཏེར་ལེན་ཁ་རུ་ཆགས་པའི་ཁི་ལུས་ཁི་མཚེའུ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མར་རྒྱལ་ཁབ་ཀྱི་ཆུའི་རྒྱུ་སྤུས་ཅུང་བཟང་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་བྱེད་སའི་ཁྲོད་བཞག་པའི་མཚེའུ་ཡིན་ལ། ལས་གཞི་ཐད་ནས་བསྡོམས་པས་ཆུའི་མགོ་ཁུངས་ས་ཆའི་འཛུགས་སྐྲུན་ཚད་ལྡན་ཅན་དུ་བསྒྱུར་བ་དང་། བཙོག་བཟོའི་མགོ་ཁུངས་ལ་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ། ཁོར་ཡུག་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་བཅས་ལས་གཞི་ཆེན་པོ་ལྔ་དང་བཟོ་སྐྲུན་ལས་གཞི་ཆུང་བ་ཉི་ཤུ་གཏན་ཁེལ་བྱས་པ་དང་། མིག་སྔར། ལས་གཞི་བཅོ་ལྔ་ཡོངས་འགྲུབ་བྱས་ཟིན་པ་དང་། ལས་གཞི་ལྔ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། ཚོད་དཔག་ལྟར་ན་ད་ལོའི་ཟླ་བཅུ་བར་ལས་གཞི་ཡོངས་རྫོགས་ཡོངས་འགྲུབ་བྱེད་རྒྱུ་རེད།

       ཚྭ་རྔ་འགག་ཆུ་མཛོད་དང་སྔོ་རྒྱ་འགག་ཆུ་མཛོད། རྨ་སྟོད་རྫོང་རྨ་ཆུའི་མགོ་ཁུངས་ཀྱི་མཚེའུ་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་དེ། 2013ལོ་ནས2015ལོར་སྔ་གཞུག་ཏུ་རྒྱལ་ཁབ་ཀྱི་ཆུའི་རྒྱུ་སྤུས་ཅུང་བཟང་བའི་མཚེའུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་བཞག་པ་དང་། བཟོ་སྐྲུན་ལག་བསྟར་བྱེད་པའི་དུས་བཀག2020ལོ་བར་རྒྱུན་འཁྱོངས་བྱེད་རྒྱུ་རེད། ལས་གཞི་ལག་བསྟར་བྱས་རྗེས། ཕན་ནུས་ལྡན་པའི་སྒོ་ནས་མཚེའུ་བཙོག་བཟོ་ལ་ཚོད་འཛིན་དང་། མཚེའུ་བཞུར་རྒྱུན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཆུའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། ཁོར་ཡུག་གི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། མཚེའུ་ཁུལ་དང་ཆུ་མཛོད་ཀྱི་མཐའ་འཁོར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་གི་ཐེག་ཁུར་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་མཐོར་འདེགས་བཅས་བྱེད་ཐུབ།
       ཞེས་རོང་རེན་ལྷ་རྒྱ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 07:34 , Processed in 0.023470 second(s), 21 queries .

返回顶部