日志

༄༅།།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་རི ...

已有 251 次阅读2016-1-15 09:35 |系统分类:传媒

 
༄༅།།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལས་རིགས་སོ་སོའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་
བཅུ་གསུམ་པའི་འཆར་འགོད་རྩ་གནད་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།
ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།
 

        ཟླ་དང་པོའི་ཚེས་བཅུ་གཉིས་དང་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཞུགས་མོལ་ཚོགས་འདུ་བཞི་བསྡུས་ནས། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། སློབ་གསོ་དང་ཚན་རིག རིག་གནས འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ། བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་མི་སྣ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཐད་བཏོན་པའི་བསམ་འཆར་ལ་ཉན།

       ཧའོ་ཕིན་གྱིས་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་བཞུགས་མོལ་ཚོགས་འདུ་ལ་མགོ་འཛིན་བྱས། ཡན་ཅིན་ཧེ་དང་ཁྲིན་ལིས་ཧྭ། ཁོང་ཡུང་གསུམ་གྱིས་སོ་སོར་གཞི་རིམ་ལས་བྱེད་པ་དང་མང་ཚོགས། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ་དང་། བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཀྲང་ཅན་མེན་དང་ཀའོ་ཧྭ་གཉིས་འབྲེལ་ཡོད་བཞུགས་མོལ་ཚོགས་འདུར་ཞུགས།

       ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཧའོ་ཕིན་གྱིས་མགོ་འཛིན་བྱས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། པའོ་དབྱི་ཀྲི་དང་ལིག་ཐུང་ཏི། ཝང་ཅན། ཀྲང་ཀྲིག་ཕེན། ཀྲུའུ་ཁྲོན་ཡོན། ཝེ་ཆིན། ཡུས་ཡཱང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གནད་ལ་ཕོགས་པའི་སྒོ་ནས་དམངས་ཚིས་ལེགས་བསྒྱུར་བྱེད་པ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་བསྒྱུར་བ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཤེས་ལྡན་མི་སྣ་གསོ་སྦྱོང་དང་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རང་ཉིད་ཀྱི་ལྟ་ཚུལ་གླེང་བ་དང་གྲོས་གཞི་བཏོན། ཧའོ་ཕིན་གྱིས་ཚང་མའི་བསམ་འཆར་དང་གྲོས་གཞི་རེ་རེ་བཞིན་ཟིན་བྲིས་སུ་བཀོད་པ་དང་། གནད་དོན་གལ་ཆེན་ཐད་ཀྱི་སྤྱི་ཁོག་གི་བསམ་གཞིགས་དང་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་བརྗེ་རེས་བྱས། གཏམ་བཤད་ལ་ཉན་རྗེས། ཧའོ་ཕིན་གྱིས་བཤད་རྒྱུར། ཚང་མས་གཏམ་བཤད་ཀྱི་མཐོང་རྒྱ་ཡངས་ཤིང་གོ་བ་གཏིང་ཟབ་ལ། གནས་ཚུལ་དངོས་དང་མཐུན་པས། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ལ་ལེགས་བཅོས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་ཐད་རོགས་རམ་ཆེན་པོ་ཡོད་པ་མ་ཟད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་སྣ་ཚོགས་སྔར་ལས་བཟང་བོ་བསྒྲུབ་པའི་ཐད་ཕན་པ་ཆེན་པོ་ཡོད། ཚང་མས་བསམ་འཆར་དང་གྲོས་གཞི་རེ་རེ་ང་ཚོས་ལེགས་སྒྲིག་དང་བསྡུ་ལེན་བྱེད་རྒྱུ་ཡིན་པ་དང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ནས་ནན་ཏན་སྒོས་ཞིབ་འཇུག་དང་སྐུལ་འདེད་བྱེད་རྒྱུ་ཡིན་ཟེར།

        ཧའོ་ཕིན་གྱིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་རྩོམ་པའི་ལོ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཡིན་པས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ནི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྟོབས་ཤུགས་གཙོ་བོ་ཡིན་པས། ཚང་མས་མུ་མཐུད་དུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན། མདུན་བལྟའི་རང་བཞིན་ལ་དམིགས་ནས། བློ་འདོན་ཇུས་འབུལ་བྱས་ཏེ། སྲིད་གཞུང་ལ་རོགས་བྱས་ནས་བཅོས་བསྒྱུར་འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་པའི་ཐད་བསམ་འཆར་འདོན་པ་དང་བྱེད་ཐབས་འཚོལ་དགོས་པ་དང་། དེ་དང་མཉམ་དུ་འབྲེལ་འདྲིས་དང་དམངས་གཙོ་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ཀྱི་འདོད་བློ་དང་ཞུ་གཏུག་ལ་རྒྱུས་ལོན་བྱེད་པ་དང་། སྲིད་གཞུང་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ཡར་ཞུ་བྱས་ཏེ། མཉམ་དུ་མཚོ་སྔོན་གྱི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་དགོས་ཟེར།

        ཧའོ་ཕིན་གྱིས་བསྟན་དོན། ཞིང་ཆེན་སྲིད་གཞུང་གིས་སྔར་བཞིན་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་བར་གྱི་བརྗེ་རེས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་འགན་ནུས་བསྒྲུབ་པར་རྒྱབ་སྐྱོར་བྱེད་པ། ཧུར་ཐག་གིས་དངོས་ཡོད་དཀའ་ཁག་དང་གནད་དོན་ཐག་བཅད་དེ། ཚང་མར་བྱ་བའི་ཁོར་ཡུག་བཟང་བོ་ཞིག་སྐྲུན་རྒྱུ་ཡིན་ཟེར།

        ཚེས་བཅུ་གསུམ་ཉིན་བསྡུས་པའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས། སློབ་གསོ་དང་ཚན་རིག རིག་གནས འཕྲོད་བསྟེན་ལས་རིགས་ཀྱི་མི་སྣ། བཟོ་ཚོང་ཁེ་ལས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་། ཚང་མས་ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བྱེད་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཐོན་ནུས་ལྷག་མ་ཐག་གཅོད་པ། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་བརྟན་བརླིང་ངང་སྤེལ་བ། སྔར་ལས་བཟང་བའི་ལས་ཞུགས་ལས་སྐྲུན་གྱི་རོགས་སྐྱོར་སྲིད་ཇུས་སྤྱོད་པ། འོས་འགན་སློབ་གསོ་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་དྲག་ཏུ་གཏོང་བ། རིག་གནས་ཀྱིས་མང་ཚོགས་ལ་ཕན་འདོགས་པའི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་པ། མུ་མཐུད་དུ་སྤྱི་བའི་ཞབས་ཞུའི་ཕན་ཡོད་མཁོ་འདོན་རྒྱ་བསྐྱེད་པ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་དང་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་སྡོད་ཁང་རྒྱུ་སྤུས་ཇེ་མཐོར་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། བསམ་འཆར་གྲོས་གཞི་བཏོན་པ་དང་གཏམ་བཤད་སྤེལ།

         བཞུགས་མོལ་ཚོགས་འདུའི་སྟེང་། ཚང་མས་འདས་པའི་ལོ་གཅིག་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་དབྱེ་འབྱེད་ལ་ཡིད་འཐད་བྱུང་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་དང་ད་ལོའི་བྱ་བ་སྣ་ཚོགས་ཀྱི་བསམ་གཞིག་དང་བཀོད་སྒྲིག་ལ་ཁས་ལེན་བྱས།

         ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་གསར་འགྱུར་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-8 00:04 , Processed in 0.049398 second(s), 20 queries .

返回顶部