日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་ཕྱི་སྡོད་རང་མི་ ...

已有 232 次阅读2015-12-30 10:14 |系统分类:传媒

 
༄༅།།མཚོ་སྔོན་ཞིང་ཆེན་གྱི་ཕྱི་སྡོད་རང་མི་གཉེན་མི་འཐུས་མིའི་ཚོགས་ཆེན་ཟི་ལིང་ནས་ཚོགས།
ཡོང་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ།   ནང་དོན་འདི་སྤེལ་མཁན།  བདེ་སྐྱིད་འཚོ།
 

 
 

      མཚོ་སྔོན་ཞིང་ཆེན་གྱི་ཕྱི་སྡོད་རང་མི་གཉེན་མི་འཐུས་མིའི་ཚོགས་ཆེན་ཚེས་ཉེར་བརྒྱད་ཉིན་ཟི་ལིང་ནས་ཚོགས། ཀྲུང་གོ་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲོ་ཞུའུ་ཅོན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་སོགས་གྲོས་ཚོགས་སུ་ཞུགས། དམངས་གཙོ་ཏང་ཁག་སོ་སོ་ཞིང་ཆེན་ཏང་ཨུ་དང་། ཞིོང་ཆེན་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འཐུས་མི་ཚོགས་འདུར་ཞུགས་པ་མ་ཟད་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ།

       ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས། ཞིང་ཆེན་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་འདས་པའི་ལོ་ལྔའི་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་སྐབས་ཀྱི་མཚོ་སྔོན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་“གཅིག་གསུམ་གཅིག་གི”སྤྱིའི་རེ་བ་མངོན་འགྱུར་བྱེད་དགོས་པ་དང་། རྒྱ་ཆེའི་ཕྱི་སྡོད་རང་མི་གཉེན་ཉེ་དང་ཕྱི་སྡོད་རང་མི་སྤུན་ཟླ་གཏོགས་པའི་རིགས་སོ་སོའི་མི་དམངས་དང་མཐུན་སྒྲིལ་དམ་པོ་དང་། མཉམ་དུ་འབད་བརྩོན་བྱེད་དགོས། རྒྱ་ཆེའི་ཕྱི་སྡོད་རང་མི་གཉེན་ཉེ་དང་ཕྱི་སྡོད་རང་མི་སྤུན་ཟླས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན། ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤུགས་ཆེན་པོས་བརྗེ་རེས་རྒྱ་བསྐྱེད་པ་དང་། ཚོང་བ་བཀུག་ནས་མ་དངུལ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། ཕྱི་སྡོད་རང་མི་ལས་དོན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། སྔར་ལས་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་ཁྲོད་ཀྱི་ཕྱི་འབྲེལ་འགྲོ་འོང་གི་ཁྱད་སྟོབས་གཙོ་བོ་རྩ་འཛུགས་བྱེད་པར་གང་ལེགས་སྒོས་འདོན་སྤེལ་བྱེད་པ་དང་། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོ་བ་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་གསར་སྤེལ་བྱེད་པ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འགན་འཁྲིའི་ནུས་པ་ཇེ་དྲག་ཏུ་བཏང་ནས། རྒྱུན་ཆད་མེད་པར་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཟེར། ཝང་ཅན་ཅོན་གྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་བྱ་བའི་མགོ་ཁྲིད་པར་ཤུགས་བསྣན་ནས། ཧུར་ཐག་སྒོས་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་བྱ་བའི་འཕེལ་རྒྱས་གསར་སྐྲུན་ཐད་བཀག་འགོག་ཐེབས་པའི་འབུར་ཐོན་གནད་དོན་ཐག་གཅོད་དགོས་པ་དང་། ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བཅའ་ཁྲིམས་དང་སྒྲིག་ཡིག་གསར་སྐྲུན་རང་བཞིན་གྱི་སྒོ་ནས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་སྔར་ལས་འབྱོར་ཕྱུག་ལྡན་ཞིང་། སྔར་ལས་འཆམ་མཐུན་དང་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

        གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ཨུ་ཡོན་ལྷན་ཚོགས་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་ཡོངས་ཀྱི་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས། 

         ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་གསར་འགྱུར་དྲ་བ་ལས་བཏུས་སོ།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-2 11:03 , Processed in 0.049072 second(s), 20 queries .

返回顶部