日志

༄༅།།ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐ ...

已有 160 次阅读2015-12-27 08:47 |系统分类:传媒

 
༄༅།།ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་
ལྷན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 
 

       ཚེས་21ཉིན་དང་ཚེས་22ཉིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོའན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ལས་དོན་སྙན་སྒྲོན་གནང་བ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་བསོད་ནམས་རིག་འཛིན་ཚོགས་འདུར་ཕེབས་པ་རེད།

      མགོན་པོ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀར་ཁས་ལེན་གང་ལེགས་གནང་རྗེས་ནང་བསྟན་མཐུན་ཚོགས་ཀྱིས། ཏང་ཨུད་ཀྱི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་དུས་སྐབས་གསར་པའི་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་ཆོས་ལུགས་ལས་དོན་དང་འབྲེལ་བ་ཡོད་པའི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཆོས་ལུགས་ལས་རིགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ཆེ་བའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་གཞོགས་འདེགས་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པ། རང་ངོས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་སྒྲུབ་ནུས་ཆེ་རུ་ཧུར་ཐག་བཏང་ནས་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

       ཚོགས་འདུའི་ཐོག་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཕྱོགས་སྡོམ་དང་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་བྱས་ཤིང་། ཚོགས་འདུའི་ཐོག་རྒྱ་ཆེའི་ལས་འཛིན་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཁྲོད་ཀྱི་དཔེ་སྟོན་ནུས་པ་དང་། ཁྲིམས་ལྟར་དགོན་སྡེ་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་བྱེད་པའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ། ཁ་ཕྲལ་ལ་ངོ་རྒོལ་དང་། ཞི་མཐུན་སྐུལ་གཏོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཁྲོད་ཀྱི་དམིགས་བསལ་ནུས་པ། བསྟན་དོན་དགོངས་འགྲེལ་བྱེད་པ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཁྲིད་སྟོན་ནུས་པ། དད་ལྡན་མང་ཚོགས་དང་འབྲེལགཏུག་བྱེད་པ་དང་སེམས་ནུས་གཅིག་འགྲིལ་གྱིས་འབྱོར་འབྲིང་བོད་ལྗོངས་སྐྲུན་ཐུབ་པ་བྱེད་པའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

       ཚོགས་འདུའི་ཐོག《〈ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུའི〉སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད།

        ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་བཏུས་སོ།
 
 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-5-25 23:09 , Processed in 0.050910 second(s), 20 queries .

返回顶部