博客西藏在最高处过一种生活

日志

༄༅།།གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་ ...

已有 230 次阅读2015-9-25 09:11 |系统分类:法律

 
༄༅།།གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་གིས་གཏུག་བཤེར་བྱེད་པའི་ཁྲིམས་ཀྱི་གཞི་བཅོལ་ས་གང་ཡིན།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
 

     《རྩ་ཁྲིམས》ཀྱི་ཚན་པ ༡༣༤ བར་གཏན་ཁེལ་བྱས་ཡོད་དེ།"རིགས་སོ་སོའི་མི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་མི་ཤེས་པའི་མི་གཏུག་བཤེར་ལ་ཞུགས་ན་དེར་ལོ་ཙཱ་བྱེད་འོས། གྲངས་ཉུང་མི་རིགས་འདུས་སྡོད་དང་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་ཡོད་པའི་ས་ཆ་རུ། ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་སྤྱད་ནས་གྱོད་གཞི་གཅོད་བྱེད་འོས། གཏུག་བཤེར་ཡི་གེ་དང་ཐག་བཅད་ཡི་གེ བསྒྲགས་ཡིག་སོགས་བྲིས་ཡིག་དག་དོན་དངོས་ཀྱི་དགོས་མཁོར་དམིགས་ནས་ས་གནས་དེ་གར་ཀུན་གྱིས་སྤྱོད་བཞིན་པའི་ཡིག་རིགས་གཅིག་གམ་ཡིག་རིགས་དུ་མས་འབྲི་འོས།"

     《མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་ཚན་པ ༤༧ པའི་ནང་གཏན་ཁེལ་བྱས་ཡོད་དེ།"མི་རིགས་མངའ་ཁོངས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཡིག་སྤྱད་ནས་གྱོད་གཞི་ཞིབ་དཔྱོད་དང་ཞིབ་གཅོད་བྱེད་འོས་ཤིང་། ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་མི་ཤེས་པ་གཏུག་བཤེར་ལ་ཞུགས་ན་དེར་ལོ་ཙཱ་བྱེད་འོས། བཅའ་ཁྲིམས་ཀྱི་ཡི་གེ་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་ནས་ས་གནས་དེ་གའི་ཡིག་རིགས་གཅིག་གམ་དུ་མས་འབྲི་འོས། རིགས་སོ་སོའི་མི་དམངས་ཚང་མར་རང་མི་རིགས་སྐད་ཡིག་སྤྱད་ནས་གཏུར་བཤེར་བྱེད་པའི་དབང་ཆ་ལྡན་པར་ཁེག་ཐག་བྱ་དགོས།"

     《མི་དམངས་ཁྲིམས་ཁང་གི་རྩ་འཛུགས་ཁྲིམས》ཀྱི་ཚན་པ ༦ པར་གཏན་ཁེལ་བྱས་ཡོད་དེ།"རིགས་སོ་སོའི་མི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་མི་ཤེས་པའི་མི་གཏུག་བཤེར་ལ་ཞུགས་ན་དེར་ལོ་ཙཱ་བྱེད་འོས། གྲངས་ཉུང་མི་རིགས་འདུས་སྡོད་དང་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་ཡོད་པའི་ས་གནས་སུ། ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་སྤྱད་ནས་འདྲི་གཅོད་བྱེད་འོས་ཤིང་། ཐག་གཅོད་ཡི་གེ་དང་བསྒྲགས་ཡིག གཞན་པའི་ཡིག་ཆ་སོགས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་ཡི་གེ་སྤྱད་ནས་འབྲི་འོས།"

     《ཉེས་དོན་གཏུག་བཤེར་ཁྲིམས》ཀྱི་ཚན་པ ༩ པར་གཏན་ཁེལ་བྱས་ཡོད་དེ།"རིགས་སོ་སོའི་མི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་མི་ཤེས་པའི་མི་གཏུག་བཤེར་ལ་ཞུགས་ན་དེར་ལོ་ཙཱ་བྱེད་འོས། གྲངས་ཉུང་མི་རིགས་འདུས་སྡོད་དང་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་ཡོད་པའི་ས་གནས་སུ། ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་སྤྱད་ནས་འདྲི་གཅོད་བྱེད་འོས་ཤིང་། ཐག་གཅོད་ཡི་གེ་དང་བསྒྲགས་ཡིག གཞན་པའི་ཡིག་ཆ་སོགས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་ཡི་གེ་སྤྱད་ནས་འབྲི་འོས།"

     《དམངས་དོན་གཏུར་བཤེར་ཁྲིམས》ཀྱི་ཚན་པ ༡༡ པར་གཏན་ཁེལ་བྱས་ཡོད་དེ།"རིགས་སོ་སོའི་མི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་སྤྱད་ནས་དམངས་དོན་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། གྲངས་ཉུང་མི་རིགས་འདུས་སྡོད་དང་མི་རིགས་མང་པོ་མཉམ་གཅིག་ཏུ་འཚོ་སྡོད་ཡོད་པའི་ས་ཁུལ་དུ། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་མི་རིགས་ཀྱིས་ཐུན་མོང་དུ་བཀོལ་སྤྱོད་བྱེད་པའི་སྐད་ཆ་དང་ཡི་གེ་སྤྱད་ནས་ཞིབ་གཅོད་དང་ཁྲིམས་ཡིག་སྒྲོག་འོས། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་མི་རིགས་ཀྱིས་ཐུན་མོང་གིས་བཀོལ་སྤྱོད་བྱེད་པའི་སྐད་ཆ་དང་ཡི་གེ་མི་ཤེས་མཁན་གཏུག་བཤེར་ལ་ཞུགས་པར་ལོ་ཙཱ་བྱེད་འོས།"

     《སྲིད་འཛིན་གཏུག་བཤེར་ཁྲིམས》ཀྱི་ཚན་པ ༨ པར་གཏན་ཁེལ་བྱས་ཡོད་དེ།"རིགས་སོའི་མི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་སྤྱད་ནས་སྲིད་འཛིན་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། གྲངས་ཉུང་མི་རིགས་འདུས་སྡོད་དང་མི་རིགས་མང་པོ་མཉམ་གཅིག་ཏུ་འཚོ་སྡོད་ཡོད་པའི་ས་ཁུལ་དུ། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་མི་རིགས་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཆ་དང་ཡི་གེ་སྤྱད་ནས་ཞིབ་གཅོད་དང་ཁྲིམས་ཡིག་སྒྲོག་འོས། མི་དམངས་ཁྲིམས་ཁང་གིས་ས་གནས་དེ་གའི་མི་རིགས་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཆ་དང་ཡི་གེ་མི་ཤེས་མཁན་གཏུར་བཤར་ལ་ཞུགས་པར་ལ་ལོ་ཙཱ་བྱེད་འོས།"  ཏ་ལེན་གྲོང་ཁྱེར་མི་རིགས་ཨུ་ལྷན་གྱིས།

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

 

 

发表评论 评论 (3 个评论)

回复 ljh8520035 2015-9-25 09:19
《རྩ་ཁྲིམས》ཀྱི་ཚན་པ ༡༣༤ བར་གཏན་ཁེལ་བྱས་ཡོད་དེ།"རིགས་སོ་སོའི་མི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་སྤྱད་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་མི་ཤེས་པའི་མི་གཏུག་བཤེར་ལ་ཞུགས་ན་དེར་ལོ་ཙཱ་བྱེད་འོས། གྲངས་ཉུང་མི་རིགས་འདུས་སྡོད་དང་མི་རིགས་མང་པོ་མཉམ་དུ་འཚོ་སྡོད་ཡོད་པའི་ས་ཆ་རུ། ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་སྤྱད་ནས་གྱོད་གཞི་གཅོད་བྱེད་འོས། གཏུག་བཤེར་ཡི་གེ་དང་ཐག་བཅད་ཡི་གེ བསྒྲགས་ཡིག་སོགས་བྲིས་ཡིག་དག་དོན་དངོས་ཀྱི་དགོས་མཁོར་དམིགས་ནས་ས་གནས་དེ་གར་ཀུན་གྱིས་སྤྱོད་བཞིན་པའི་ཡིག་རིགས་གཅིག་གམ་ཡིག་རིགས་དུ་མས་འབྲི་འོས།"
回复 ljh8520035 2015-9-25 09:19
རིགས་སོའི་མི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་སྤྱད་ནས་སྲིད་འཛིན་གཏུག་བཤེར་བྱེད་པའི་དབང་ཆ་ཡོད།
回复 ljh8520035 2015-9-25 09:20
མི་རིགས་མངའ་ཁོངས་རང་སྐྱོང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཡིག་སྤྱད་ནས་གྱོད་གཞི་ཞིབ་དཔྱོད་དང་ཞིབ་གཅོད་བྱེད་འོས་ཤིང་། ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཆ་མི་ཤེས་པ་གཏུག་བཤེར་ལ་ཞུགས་ན་དེར་ལོ་ཙཱ་བྱེད་འོས། བཅའ་ཁྲིམས་ཀྱི་ཡི་གེ་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་ནས་ས་གནས་དེ་གའི་ཡིག་རིགས་གཅིག་གམ་དུ་མས་འབྲི་འོས། རིགས་སོ་སོའི་མི་དམངས་ཚང་མར་རང་མི་རིགས་སྐད་ཡིག་སྤྱད་ནས་གཏུར་བཤེར་བྱེད་པའི་དབང་ཆ་ལྡན་པར་ཁེག་ཐག་བྱ་དགོས།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-21 13:33 , Processed in 0.030888 second(s), 21 queries .

返回顶部