日志

༄༅།།དགེ་བསྙེན་རབ་གཟིགས་བཞུགས་སོ།། ... ... ... ...

已有 272 次阅读2015-7-17 13:20 |系统分类:传媒

 

༄༅།།དགེ་བསྙེན་རབ་གཟིགས་བཞུགས་སོ།།

     ༄༅།།དེ་ཡང་གནའ་སྔ་མོར་རྗེ་བཙུན་ཆེན་པོ་དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རྒྱུད་ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོ་འཁོར་དང་བཅས་བ་ས་པ་མཆོག་གི་བཀའ་ལུང་ལྟར།  སངས་རྒྱས་གྱི་བསྟན་པ་རིན་པོ་ཆེ་སྤེལ་ཕྱིར་ཨ་མདོའི་གསེར་ལྗོངས་ཡུལ་དུ་ཕེབས་ལམ་དུ་ད་ལྟའི་རྨ་ལུང་གསེར་ལྡན་ཕྱུག་མོའི་འབྲས་ཐང་ནས་འབའ་ཡུལ་ཕྱོགས་སུ་བསྐྱོད་པའི་རྨ་ཆུའི་རབ་ཁ་འདིར་གྲུ་བ་དང་།  གྲུ་གཟེངས་ཅི་ཡང་མཐོང་རྒྱུ་མེད་པས།  ཡབ་རྗེ་རིན་པོ་ཆེས་བཙུན་མོའི་ལྷ་ལ་གསོལ་བ་བཏབས་པ་ལྟར་སྐད་ཅིག་དེ་ཉིད་ཀྱིས་སེར་མོ་ཉེར་དྲུག་གིས་མི་རེས་གྲུ་རེ་དཀྲུགས་ཏེ་རྨ་ཆུའི་གཞུང་དུ་འོང་ནས།   ཁྱེད་རྣམས་རྨ་ཆུའི་ཕ་ཁར་ངེད་ཅག་གིས་བསྐྱལ་ཆོག་ཟེར་ནས་ཡབ་རྗེ་རིན་པོ་ཆེ་འཁོར་དང་བཅས་བ་རྨ་ཆུའི་ཕ་ཁར་བསྐྱལ།  ཡབ་རྗེ་རིན་པོ་ཆེ་སོགས་དགའ་བདེའི་དཔལ་ལ་རོལ་ནས་ཁྱེད་རྣམས་ལ་གྲུ་གླ་ཅི་ཙམ་དགོས་པ་ཡིན་ཞེས་དྲིས་མ་ཐག་ཏུ།   གྲུ་བ་དང་གྲུ་གཟེངས་ཐམས་ཅད་ནམ་མཁའི་འཇའ་ཡལ་བ་བཞིན་ཅི་ཡང་མི་སྣང་པར་གྱུར་བ་དེ་ནི་དགེ་བསྙེན་ཆེན་པོའི་འཁོར་ཉེར་དྲུག་གི་སྤྲུལ་བ་ཡིན་ཟེར་ཏེ།  ད་ལྟའི་བར་དུ་ས་འདིར་དགེ་བསྙེན་རབ་ཁ་དང་།  འབའ་ཡུལ་ཕྱོགས་ཀྱི་རི་རྩེ་་དེ་རུ་ལྷང་ངེར་བཞུགས་ཡོད་པའི་ལབ་ཙེ་དེ་ལ་དགེ་བསྙེན་རབ་གཟིགས་ཟེར་རོ།།ཞེས་རོང་ཆེན་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་ཁྱི༢༠༠༦ལོའི་ཟླ༣པའི་ཚེས༡༨ཉིན་ལ་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་སྦྱར་ཞིང་།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས་པའིམཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགསསྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་་པར་སྐྲུན་བྱས་ཟིན་པ་སརྦ་ཛ་ཡནྟུ།།  །།

 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-13 12:45 , Processed in 0.049187 second(s), 20 queries .

返回顶部