日志

༄༅།།རྒྱ་བཟའི་ར་མོ་མཁར་དམར་བཞུགས་སོ།། ... ... ...

已有 235 次阅读2015-7-17 12:48 |系统分类:传媒

 

༄༅།།རྒྱ་བཟའི་ར་མོ་མཁར་དམར་བཞུགས་སོ།།

 

     ༄༅།།དེ་ཡང་རྨ་ལུང་ཕྱུག་མོའི་རོང་བོ་བློན་ཆོས་རྒྱ་བཟའ་གོང་མའི་སའི་ཆ་རུ་ར་མོ་མཁར་དམར་ཞེས་གནའ་མཁར་ཆེན་པོ་ཞིག་གི་ཤུལ་མཆིས་པ་དེ་ནི་བསྐལ་བ་དུ་མའི་ཡར་སྔོན་ལ་རྒྱ་ཆུ་གར་མིག་ཟེར་བའི་ཕྱི་གླིང་བའི་མངའ་བདག་ཆེན་པོ་་ཅང་སྟོབས་འབྱོར་དང་།  མངའ་ཐང་ལྡན་པ་ཞིག་ཡོད་པས།  ཁོང་ནི་འཇར་མན་འམ་ཡང་ན་དབྱིན་ཇིའི་མི་ཡིན་པར་སེམས།  དེས་སྟོབས་འབྱོར་དང་མངའ་ཐང་ཇེ་ཆེར་སྤེལ་བའི་ཆེད་དུ་དབང་ཤུགས་གིས་ཡུལ་ཕྱོགས་དེའི་སྐྱེས་པ་རྣམས་གཅིག་ཀྱང་མ་ལུས་པར་རྩ་འཛུགས་བྱས་ཏེ།  རི་ལུང་ཀུན་ཏུ་ས་རྒོད་བདུལ་ནས་ཞིང་ས་བསྐྲུན་པ་དང་ཞིང་ལས་གཉེར་བའི་ཆེད་དུ་སྐྱེས་པ་རྣམས་ལ་མནར་གཅོད་བྱས་ནས་ཕལ་ཆེར་ཕོ་ཤུལ་བཅད་པར་གྲགས།  ད་ལྟ་ཡང་རི་ལུང་ཀུན་ཏུ་རྐས་ཞིང་གི་ཤུལ་མཐོང་ཐུབ།  སྐབས་དེར་ཕོ་ཤུལ་བཅད་ནས་མོ་ཤུལ་ཐུག་པའི་དབང་གིས་ཟོག་རྫི་བུ་མོ་ཞིག་གིས་ཟོག་འཚོ་བའི་གོ་སྐབས་སུ་རྒོད་སྒྲོ་ཞིག་ཪྙེད་པ་དེ་སྤྱད་ནས་རླུང་ཤུགས་ལ་བརྟེན་ནས་འདོད་པ་ཚིམ་པར་བྱས།   ཕྱིས་སུ་བུ་མོ་དེར་མངལ་ཆགགས་ནས་བུ་ཞིག་སྐྱེས།  དེའི་མིང་ལ་ལྷ་ཕྲུག་རྒོད་སྒྲོ་རང་སྟོད་ཞེས་ཟེར་ཞིང་།   རྒྱ་ཆུ་གར་མིག་ནི་མི་ཚོན་པོ་ཚིལ་གྱི་སྐྱ་བ་ལྟ་བུ་ཞིག་ཡིན་ལ་ཉིན་དུ་མ་འགོར་རྗེས་ཚིལ་ཐུམ་ཉི་མར་སྐེམ་དགོས་པ་མ་ཟད་ཕྱོགས་བཞིའི་དགྲ་ལ་དོགས་ཟོན་་ཅང་ཆེ་བར་འདུག  ཉིན་ཞིག་ལ་ཡང་ཚིལ་ཐུམ་ཉི་མར་སྐེམ་རན་པས་འཁོར་རྣམས་ལ་ཁྱོད་ཚོས་ལྟོས་དང་ཕྱོགས་བཞི་མཚམས་བརྒྱད་ན་དགྲ་ཇག་ཙམ་རེ་ཡོད་དམ་ཞེས་ཟེར་བར་འཁོར་ཞིག་གིས་རྩེ་ནག་རིང་མགོ་ན་ཤ་བ་ཡི་མོ་དཀར་བོ་ཞིག་གིས་རྩྭ་ཟ་བཞིན་ཡོད་པ་ལས་གཞན་ཅི་ཡང་མ་མཐོང་ཟེར་བས།  རྒྱ་ཆུ་གར་མིག་གིས་མཁར་སྒོ་རུ་བུད་ནས་ཚིལ་ཐུམ་ཉི་མར་བསྐམས།   གོ་སྐབས་དེ་དང་བསྟུན་ནས་ཤ་བ་ཡི་མོ་དཀར་བོ་ཞིག་ཏུ་སྤྲུལ་ཡོད་པའི་ལྷ་ཕྲུག་རྒོད་སྒྲོ་རང་སྟོད་ཀྱིས་ལྕགས་མདའ་ལྕགས་གཞི་བཀོལ་ནས་རྒྱ་ཆུ་གར་མིག་ཟེར་བ་དེ་ཞི་བའི་དབྱིངས་སུ་བསྐྱལ་ལོ།།ཞེས་རོང་ཆེན་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་ཁྱི༢༠༠༦ལོའི་ཟླ༢པའི་ཚེས༡༨ཉིན་ལ་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་སྦྱར་ཞིང་།  ཕྱིས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིསབསྒྲིགས་པའིམཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགསསྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་་པར་སྐྲུན་བྱས་ཟིན་པ་སརྦ་ཛ་ཡནྟུ།།  །།

 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-13 13:25 , Processed in 0.049522 second(s), 20 queries .

返回顶部