日志

༄༅།།གནས་རི་བཙུན་མོ་དམར་ཡག་མ་བཞུགས་སོ།། ... ...

已有 186 次阅读2015-7-17 12:37 |系统分类:传媒

 

 

༄༅།།གནས་རི་བཙུན་མོ་དམར་ཡག་མ་བཞུགས་སོ།།

      ༄༅།།ཁོ་བོས་བརྩམས་པའིདཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ཤེལ་དཀར་ཕྲེང་བ་ངོ་མཚར་ལྷ་ཡི་རོལ་དབྱངསལས།   བྱང་ཤར་མཚམས་སུ་བཙུན་མོ་དམར་ཡག་མ།།མོ་རི་དཔའ་མོ་རྣམས་ཀྱི་བཞུགས་གནས་ཡིན།།ཞེས་བསྔགས་པ་ལྟར།   བསྐལ་བ་དུ་མའི་ཡར་སྔོན་ལ་བཙུན་མོ་དམར་ཡག་མ་ནི་དཔལ་ཁའི་ཨ་མྱེས་བ་ཡན་གྱི་ལྕམ་མོ་ཡིན་ལ་མོས་རང་གི་ཁྱོ་བོར་ཞབས་ཏོག་ཚུལ་བཞིན་བསྒྲུབས་ནའང་ཨ་མྱེས་བ་ཡན་ཁོང་གིས་ཉིན་མོར་ཤོ་དང་མཚན་མོར་གསེར་སྐྱེམས་ལ་རོལ་བས།  བཙུན་མོ་དམར་ཡག་མས་ཀྱང་ཡིད་སེམས་ཉིས་འགལ་དང་།  འདི་ལྟར་མི་ཚེ་གང་བོའི་ཉི་མ་གཏོང་ཐབས་མེད་སྙམས་ནས།  དུས་རྒྱུན་དུ་ཁོང་ཚང་ལ་རུ་ཉུལ་འོང་བར་དགའ་བའི་གཤིན་རྗེ་ཆོས་རྒྱལ་ཚང་གི་རྗེས་བསྙེགས་ནས་ཆུང་མར་བྲོས།  ཨ་མྱེས་བ་ཡན་ལ་གཉན་ཆེན་བྲག་དཀར་སོགས་ཀྱིས་རམ་འདེགས་མཛད་ནས་ར་མདའ་བརྒྱུགས།  ཨ་མྱེས་བ་ཡན་གྱིས་རལ་གྲི་ཕྱར་ཏེ་རང་གི་ལྕམ་མོ་བཙུན་མོ་དམར་ཡག་མའི་དབུ་ཚའིལྕང་ལོ་བྲེགས་ཏེ་ས་ལ་གཡུགས།  ཧང་ངའི་ཨ་མྱེས་རི་རྒན་གྱིས་བར་བཀག་ནས་ད་གཟོད་ཆགས་སྒོ་ཆེན་པོ་མེད་པར་བཟོས།  སྐབས་དེ་ནས་བཟུང་སྟེ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་རིའི་ཉེ་འདབས་སུ་ཉིན་ཕྱོགས་ནགས་ཚལ་ཡིན་ལ་སྲིབ་ཕྱོགས་ས་དམར་ལས་གྲུབ་པ་ཡིན་ཞིང་།  བཙུན་མོ་དམར་ཡག་མས་ཀྱང་གནས་དེ་རུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་གྲོགས་འཕྲིན་ལས་གཡེལ་བ་མེད་པར་མཛད་དེ་བཞུགས་སོ།། ཞེས་རོང་ཆེན་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་ཁྱི༢༠༠༦ལོའི་ཟླ༣པའི་ཚེས༢༡ཉིན་ལ་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་སྦྱརཞིང་།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲིགས་པའིམཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགསསྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་་པར་སྐྲུན་བྱས་ཟིན་པ་སརྦ་ཛ་ཡནྟུ།།     །།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-13 13:41 , Processed in 0.055793 second(s), 20 queries .

返回顶部