日志

རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་མི་ཆོག་པའི་ག ...

已有 143 次阅读2020-2-27 10:29 |系统分类:环保| 禁止, 野生动物, 交易

རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་མི་ཆོག་པའི་གཏན་འབེབས།全面禁止非法野生动物交易的决定

སྤྱི་ཚེས་༢༤ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་དྲུག་པ་མཇུག་སྒྲིལ་ཞིང་། གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་གྲོས་ཚོགས་ཀྱིས་ཁྲིམས་དང་མི་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་བཀག་འགོག་དང་རི་སྐྱེས་སྲོག་ཆགས་གང་འདོད་དུ་ཟ་བའི་སྤྱོད་ངན་མེད་པར་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འགན་སྲུང་བྱེད་པའི་སྐོར་གྱི་ཆོད་དོན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཕྱིར་འགྱངས་བྱས་ནས་འཚོག་རྒྱུའི་སྐོར་གྱི་ཆོད་དོན་གཉིས་ལ་གྲོས་འཆམ་བྱུང་། 

昨日(24日),十三届全国人大常委会第十六次会议举行闭幕会。会议表决通过全国人大常委会关于全面禁止非法野生动物交易、革除滥食野生动物陋习、切实保障人民群众生命健康安全的决定和关于推迟召开第十三届全国人民代表大会第三次会议的决定。


ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། རི་སྐྱེས་སྲོག་ཆགས་གང་འདོད་དུ་ཟ་བའི་གནད་དོན་དང་སྤྱི་བའི་འཕྲོད་བསྟེན་གྱི་བདེ་ཐང་ལ་བཟོས་པའི་ཉེན་ཁར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དོ་སྣང་ཆེན་པོ་བྱས་མོད། འོན་ཀྱང་ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་བྱེད་པར་ད་དུང་གོ་རིམ་ངེས་ཅན་ཞིག་དགོས་པ་ཡིན། རིམས་ནད་འགོག་སྲུང་བྱེད་པའི་གནད་འགག་གི་དུས་སྐབས་འདིར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གནད་དོན་འདིར་ཆེད་དུ་ཐག་གཅོད་ནན་མོ་བྱེད་པའི་དམིགས་ཡུལ་ཡང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་བཟོ་བཅོས་མ་བྱས་པའི་སྔོན་ལ། ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཟ་བ་བཀག་འགོག་དང་ཁྲིམས་དང་མི་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པར་རྡུང་རྡེག་བཏང་སྟེ། རིམས་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་བཅའ་ཁྲིམས་སྟེང་ནས་འགན་སྲུང་བྱ་ཆེད་ཡིན།

  新冠肺炎疫情发生以来,对滥食野生动物的突出问题以及对公共卫生安全构成的巨大隐患,社会各界广泛关注。但全面修订野生动物保护法,还需要一个过程。在现在疫情防控关键时期,由全国人大常委会尽快通过一个专门的决定既十分必要也十分紧迫,目的就是在相关法律修改之前,先及时明确全面禁止食用野生动物,严厉打击非法野生动物交易,为打赢疫情阻击战,保障人民群众生命健康安全提供有力的立法保障。


ད་སྐབས་ལག་ཏུ་བསྟར་བཞིན་པའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་ལས་རི་སྐྱེས་སྲོག་ཆགས་ཟ་བ་བཀག་འགོག་དང་འབྲེལ་བའི་བཅའ་ཁྲིམས་ཚད་གཞི་དེ་ནི། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གཙོ་བོ་བྱེད་པའི་རི་སྐྱེས་སྲོག་ཆགས། ཁྲིམས་ལུགས་དང་མི་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ། དེ་མིན་རིམས་ནད་བརྟག་དཔྱད་མ་བརྒྱུད་པའི་སྲུང་སྐྱོབ་སྲོག་ཆགས་བཅས་ཁོ་ནར་སྤྱོད་པའི་ཚད་གཞི་ཞིག་ཡིན། «ཆོད་དོན»ལས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་། རི་སྐྱེས་སྲོག་ཆགས་ཟ་བ་གཏན་འགོག་བྱེད་པ་གཙོ་བོར་བཟུང་ནས། ཁྲིམས་ལུགས་སྙོམ་སྒྲིག་གི་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཟ་བ་བཀག་འགོག་བྱེད་པའི་ལམ་ལུགས་གཏན་འཁེལ་བྱས་པ་རེད། ད་སྐབས་སྤྱོད་བཞིན་པའི་བཅའ་ཁྲིམས་སྒྲིག་སྲོལ་དང་འགལ་ན། ད་ལྟའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་ཉེས་ཆད་ལྕི་མོ་བཅད་དེ། སྔར་བས་ནན་པའི་དོ་དམ་དང་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད། 

  现行的野生动物保护法关于禁食的法律规范,仅限于国家重点保护野生动物和没有合法来源、未经检疫合格的其他保护类野生动物。《决定》在野生动物保护法的基础上,以全面禁止食用野生动物为导向,扩大法律调整范围,确立了全面禁止食用野生动物的制度。对违反现行法律规定的,要在现行法律基础上加重处罚,以体现更加严格的管理和严厉打击。


ཆོད་དོན་ནི་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཏེ། ཡང་ཅིག་བཤད་ན་སྤྱི་ཚེས་༢༤ཉིན་ནས་བཟུང་དངོས་སུ་ནུས་པ་ཐོན་པ་ཡིན། 

  决定自公布之日起施行,也就是昨日(24日)起开始正式生效。


གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི་ཆོད་དོན་གཞན་ཞིག་ནི་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཕྱིར་འགྱངས་བྱས་ནས་འཚོག་རྒྱུ་དེ་ཡིན་ལ། ཆོད་དོན་ལས་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འོས་འཚམ་གྱིས་ཕྱིར་འགྱངས་བྱས་ནས་འཚོག་རྒྱུར་གཏན་འཁེལ་བྱས། གྲོས་ཚོགས་མགོ་རྩོམ་པའི་བྱེ་བྲག་གི་དུས་ཚོད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡང་བསྐྱར་གྲོས་ཐག་གཅོད་རྒྱུ་རེད།

  会议通过的另外一个决定是关于推迟召开第十三届全国人民代表大会第三次会议的决定。决定明确,适当推迟召开第十三届全国人民代表大会第三次会议,具体开会时间由全国人大常委会另行决定。


བོད་ཡིག་ཡོང་ཁུངས། ཉིན་རེའི་གངས་ལྗོངས

汉文来源:新华社

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-6-1 15:50 , Processed in 0.051538 second(s), 20 queries .

返回顶部