博客西藏在最高处过一种生活

日志

དགྲ་བཅོམ་གནས་བརྟན་བཅུ་དྲུག་ངོ་སྤྲོད་ཅུང་ ...

已有 108 次阅读2019-9-13 13:43 |系统分类:信仰

དགྲ་བཅོམ་གནས་བརྟན་བཅུ་དྲུག་ངོ་སྤྲོད་ཅུང་ཙམ་བྱས་པ།

སངས་རྒྱས་ཤཀྱཱ་ཐུབ་པ། 本师释迦牟尼佛

སྒྲ་གཅན་འཛིན། བྷ་ར་དྷྭ་ཛ་བསོད་སྙོམས་མེན། ཀླུའི་སྡེ། མི་ཕྱེད་པ།


圣尊罗睺罗、圣尊宾度罗跋罗、

圣尊那迦希、圣尊阿弥特;

ཡན་ལག་འབྱུང་། ནགས་ན་གནས། གསེར་གྱི་བེའུ། རྡོ་རྗེ་མོའི་བུ།


圣尊因竭陀 、圣尊伐那婆斯 、

圣尊迦罗迦伐蹉、圣尊伐阇罗佛多;

མ་ཕམ་པ། བ་ཀུ་ལ། ལམ་ཆེན་བསྟན། སྦེད་ཕྱེད།


圣尊阿氏多、圣尊巴沽拉、

圣尊半托迦、圣尊苏频陀;

དུས་ལྡན། བཟང་པོ། བྷ་ར་དྷྭ་ཛ་གསེར་ཅན། ལམ་ཕྲན་བསྟན། གོང་གི་ཐང་ག་རེ་རེའི་ནང་དུ་དགྲ་བཅོམ་བཞི་རེ་ཡོད་པས་ཁྱོན་བཅུ་དྲུག་ཡོད་དོ།།


圣尊迦里迦、圣尊跋陀罗、圣跋黎堕阇、圣注荼半托;上面四张唐卡上各描绘四位尊者,共有十六位。

༄༅།།གནས་བརྟན་བཅུ་དྲུག་ངོ་སྤྲོད་ཅུང་ཙམ་བྱས་པ།


    ༄༅།།ཡོངས་གྲགས་སུ་རང་རེས་གནས་བརྟན་བཅུ་དྲུག་གི་གྲངས་འདྲེན་ཚུལ་ནི།  དང་བོ་ཡན་ལག་འབྱུང་དང་། གཉིས་པ་མ་ཕམ་པ། གསུམ་པ་ནགས་ན་གནས།  བཞི་བ་དུས་ལྡན།  ལྔ་བ་རྡོ་རྗེ་མོའི་བུ། དྲུག་པ་བཟང་བོ། བདུན་པ་གསེར་གྱི་བེའུ།བརྒྱད་པ་བྷ་ར་དྷ་ཛ་གསེར་ཅན།  དགུ་བ་བ་ཀུ་ལ།   བཅུ་བ་སྒྲ་གཅན་འཛིན། བཅུ་གཅིག་ལམ་ཕྲན་བསྟན། བཅུ་གཉིས་བྷ་ར་དྷྭ་ཛ་བསོད་སྙོམས་ལེན།བཅུ་གསུམ་ལམ་ཆེན་བསྟན། བཅུ་བཞི་ཀླུ་ཡི་སྡེ།  བཅོ་ལྔ་སྦེད་བྱེད། བཅུ་དྲུག་ མི་ཕྱེད་པ་བཅས་ཡིན་ནོ། །

 

   ཉན་ཐོས་ཀྱི་དགྲ་བཅོམ་པ་བཅུ་དྲུག་པོ་འདི་དག་ལ།    བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་འཛམ་བུའི་གླིང་དུ་ངའི་བསྟན་པ་མ་ནུབ་ཀྱི་བར་ཁྱེད་རྣམས་ཀྱང་མྱ་ངན་ལས་མི་འདའ་བར་ངའི་བསྟན་པ་བསྐྱང་དགོས་ཞེས་བཀའ་གནང་བ་ལྟར།    ཁོང་རྣམས་ཀྱང་དུས་དེ་ནས་བཟུང་འཛམ་བུ་གླིང་གི་གནས་མི་འདྲ་བ་བཅུ་དྲུག་ཏུ་བཞུགས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་གོང་དུ་སྤེལ་བཞིན་པར་བཤད་ལ།   དེའང་གནས་བརྟན་གྱི་གྲས་སུ་མཆིས་པའི་ཧྭ་ཤང་དེ་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའེ་ཙུང་གིས་རྒྱལ་ས་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་དངོས་སུ་གདན་འདྲེན་ཞུས་སྐབས་གནས་བརྟན་རྣམས་ལ་སྣེ་ལེན་མཛད་མཁན་དང་།    རྒྱུན་དུ་གོང་མའི་མཆོད་གནས་དང་།   གོང་མ་རང་ལ་སྲས་བརྒྱད་མཆིས་པའི་དགེ་རྒན་དུ་བཞུགས་པ་དེ་ཡིན་པ་དང་།   གནས་བརྟན་ཁྲོད་ཀྱི་དགེ་བསྙེན་དྷརྨ་པཱ་ལ་ནི། རབ་བྱུང་དང་བོའི་དཀྱིལ་སྟོད་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་བཞུད་གནང་ནས་བྲག་ཡེར་བར་བཞུགས་སྐབས་ཉིན་གཅིག་གནས་བརྟན་བཅུ་དྲུག་དངོས་སུ་ཕེབས་ཏེ་འབྲོམ་སྟོན་པས་གནས་བརྟན་རྣམས་ལ་གསོལ་སྟོན་གྱི་བྱིན་ལེན་ཞུ་མཁན་མཛད་པ་དེ་ཡིན་ཞེས་བཤད་སྲོལ་ཡོད་ཚུལ་སོགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས།

   བོད་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བྲིས་ཐང་དང་འཇིམ་སྐུ་དག་ནི།   ཐོག་མར་དུས་རབས་བཅུ་བའི་མཇུག་ཙམ་དུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་བུ་ཀླུ་མེས་འབྲོམ་ཆུང་ཁྲང་ཨན་དུ་ཕེབས་ནས་གོང་མ་ཐང་ཐའེ་ཙུང་གི་རིང་ལ་གནས་བརྟན་རྣམས་དངོས་སུ་སྤྱན་དྲངས་སྐབས་བཞེངས་པའི་འདྲ་འབག་ལ་དཔེ་བཤུས་མཛད་དེ་ཕྱིར་ལྷ་སར་ཕེབས་བཞུད་གནང་།   དེ་ནས་ཀླུ་མེས་ཀྱིས་སྤྱན་དྲངས་པ་དེ་ལ་མ་དཔེ་བྱས་ཏེ་བྲག་ཡེར་བའི་གནས་བཅུ་ལྷ་ཁང་གི་ནང་དུ་བཞུགས་པའི་གནས་བརྟན་བཅུ་དྲུག་གི་འདྲ་འབག་བཞེངས་པ་ནས་བཟུང་།     བོད་ཀྱི་ཡུལ་གྲུ་སོ་སོའི་གཙུག་ལག་ཁང་མང་བོར་གནས་བརྟན་བཅུ་དྲུག་གི་གཟུགས་རིས་བཞེངས་པའི་སྲོལ་རྒྱ་ཆེར་དར་བ་དང་།    སྤྱིར་གནས་བརྟན་འདི་དག་ཚང་མ་རྒྱ་གར་གྱི་དགྲ་བཅོམ་པ་ཤ་སྟག་ཡིན་ནའང་།   རང་རེ་བོད་ཀྱི་རི་མོའི་ཕྱག་རྒྱུན་དུ་ཚང་མ་རྒྱ་ནག་གི་ཧྭ་ཤང་དང་འདྲ་བར་ན་བཟའ་ཕུ་ཐུང་ཅན་འགའ་ཞིག་གྱོན་པ་བྲིས་པའི་རྒྱུ་མཚན་ཡང་དེ་ཡིན་པར་དེབ་དམར་མཆན་འགྲེལ་དུ་གསལ།

    མ་ཧཱ་ཙི་ནའི་ཡུལ་དུ་གནས་བརྟན་བཅུ་དྲུག་གི་མི་ཚད།   གནས་བརྟན་བཅོ་བརྒྱད་ཀྱི་གྲངས་ཀྱང་བཞེད་ཚུལ་ཡོད་པ་བདེན།   དེ་ནི་ཇི་ལྟར་ཡིན་ཞེ་ན།    སྔོན་སྤྱི་ལོའི་དུས་རབས་གཉིས་པར་སིང་ག་ལའི་དགྲ་བཅོམ་པ་དགའ་བའི་བཤེས་གཉེན་ཟེར་བ་ཞིག་གིས་མཛད་པའི་བསྟན་པའི་གནས་ཚད་བཀོད་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་ནང་།   གནས་བརྟན་བཅུ་དྲུག་གི་མཚན་དང་གང་དུ་གནས་པའི་ས་ཕྱོགས་སོགས་ཞིབ་ཏུ་བྲིས་འདུག་པར་བཤད་ལ།    གཞུང་འདི་ཕྱིས་སུ་རྒྱ་ནག་རང་གི་སློབ་དཔོན་ཆེན་པོ་ཤུན་ཊང་དུ་འབོད་པས་རྒྱ་ཡིག་ཏུ་བསྒྱུར།   དེ་ནས་བཟུང་མ་ཧཱ་ཙི་ནའི་ཡུལ་ཏུ་གནས་བརྟན་བཅུ་དྲུག་བཀུར་མཁན་གྱི་མི་མང་བོ་བྱུང་ཞིང་རིམ་གྱིས་སྐུ་བརྙན་སོགས་བཞེངས་པའི་སྲོལ་ཡང་རྒྱ་ཆེར་དར།   དེ་ལྟར་བགྲང་བ་མང་བོ་འདས་པའི་སྐབས་ཤིག་ཏུ་ལྷ་རིས་པ་དག་གིས་སྔར་གྱི་སྟེང་མི་གཉིས་བསྣན་ཏེ་གནས་བརྟན་བཅོ་བརྒྱད་ཀྱི་གཟུགས་བརྙན་བྲི་བའི་ལུགས་བྱུང་ཟེར།   དེའི་རྒྱུ་མཚན་ནི་མཁས་པ་དག་གི་བཞེད་སྲོལ་ལ།   བསྟན་པའི་གནས་ཚད་བཀོད་པ་ཞེས་བྱ་བའི་བསྟན་བཅོས་མཛད་མཁན་དང་སྒྱུར་མཁན་ཤྱན་ཉཱང་གཉིས་བསྣན་ནས་བཅོ་བརྒྱད་བྱས་པ་རེད་ཟེར།   ཡིན་ནའང་མི་འགའ་རེས་གནོད་བྱེད་ཅུང་ཟད་བསྟན་པར་བཤད་མོད།  མཁས་པ་ཆེན་པོ་མང་བོ་ཞིག་གིས་དེ་ལྟར་བཀོལ་བས་ད་ལྟའི་བར་རྒྱུན་འབྱམས་སུ་སོང་འདུག་གོ།

    དེ་བཞིན་མ་ཧཱ་ཙི་ནའི་ཡུལ་འདིར་དགྲ་བཅོམ་པ་ལྔ་བརྒྱ་ཟེར་བའི་སྲོལ་འདི་ཡང་གནས་བརྟན་བཅུ་དྲུག་ལ་དད་པ་བྱེད་པའི་སྲོལ་བྱུང་བ་ནས་དར་བར་མངོན།   དང་ཐོག་དེ་དག་གི་སྐུ་བརྙན་བྲིས་ཐང་དང་འཇིམ་སྐུ་སོགས་བཞེངས་པའི་ལུགས་མེད་ཀྱང་ཕྱིས་རིམ་གྱིས་དགྲ་བཅོམ་པ་ལྔ་བརྒྱ་བོའི་གཟུགས་རིས་འབྲི་བཞེངས་ཀྱི་སྲོལ་བྱུང་བ་མ་ཟད།   དགྲ་བཅོམ་པ་ལྔ་བརྒྱའི་ལྷ་ཁང་ཟེར་བའི་ལྷ་ཁང་ཡང་མང་དུ་བཞེངས། དེ་ལྟར་དུས་ཀྱི་འགྱུར་བ་ལ་བརྟེན་ནས་ཕྱིས་སུ་མི་དག་གིས་དགྲ་བཅོམ་པ་རེ་རེ་ལ་མཚན་གསོལ་བ་སོགས་བྱས་ནའང་།  དེར་མཁས་པ་ཆེན་པོ་མང་བོ་ཞིག་གིས་ཁུངས་མེད་པར་བཞེད་དོ།། 

(乾坤使者园)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-24 07:07 , Processed in 0.028155 second(s), 20 queries .

返回顶部