博客西藏在最高处过一种生活

日志

ཀུན་མཁྱེན་ཀློང་ཆེན་པ་འབྲུག་ཡུལ་དུ་བཞུགས་ ...

已有 88 次阅读2019-9-13 12:23 |系统分类:信仰

ཀུན་མཁྱེན་ཀློང་ཆེན་པ་འབྲུག་ཡུལ་དུ་བཞུགས་སྐབས་ཀྱི་གདན་ས་ཁག

འབྲུག་ཡུལ།


བོད་ཀྱི་ཤར་ལྷོའི་མཐའ་མཚམས་སུ་ཆགས་པའི་རྒྱལ་ལྡན་རྒྱལ་ཁབ་ཅིག འདི་ནི་གནའ་བོའི་ལྷོ་མོན་གྱི་ཡུལ་ཞེས་པ་དེའི་མིང་ཡིན། ལྷོ་མོན་གྱི་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་དེ་ཇི་ལྟར་བྱུང་ཞེ་ན། འབྲུག་པ་པད་དཀར་གྱི་ཡང་སྲིད་གཉིས་པ་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་རབ་བྱུང་བཅུ་པའི་ཤིང་རྟ་ཕྱི་ལོ་ ༡༥༩༤ ལོར་འཁྲུངས། ཐོག་མར་ཡང་སྲིད་གཉིས་ཀ་གསང་སྔགས་ཆོས་གླིང་གི་གདན་སར་བཀོད་ཀྱང་རེ་ཞིག་ན་བླ་མ་གཉིས་ཀྱི་སྐུ་འཁོར་ཞབས་ཕྱི་རྣམས་མ་མཐུན་པའི་རྐྱེན་གྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་འབྲུག་ར་ལུང་དུ་ཕེབས་ནས་བཞུགས། དེ་ནས་དཔལ་ལྡན་ལྷ་མོས་ལྷོ་མོན་གྱི་ཡུལ་དུ་ཕེབས་ན་འགྲོ་དོན་འཕེལ་བའི་ལུང་བསྟན་པ་ལྟར་ལྷོ་མོན་ཡུལ་དུ་ཕེབས། སྐབས་དེར་ལྷོ་མོན་གྱི་ནུབ་ཕྱོགས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ཅུང་ཟད་དར་ཡོད་པ་ལས། ཡུལ་སྤྱི་ལ་ཆོས་དང་རིག་གནས་དར་སྲོལ་ཧ་ཅང་ཆུང་བའི་མཐའ་འཁོབ་གྱི་ཡུལ་གྲུ་ལྟ་བུ་ཞིག་ཆགས་ཡོད་པ་རེད། རབ་བྱུང་བཅུ་པའི་ས་ལུག་ཕྱི་ལོ་ ༡༦༡༩ ལོར་འབྲུག་ཐིམ་ཕུ་དགོན་པ་བཏབ། དེ་ནས་འཁོར་སློབ་མང་པོ་འདུས་སྟབས་རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ཕྱི་ལོ་ ༡༦༢༩ ལོར་དབང་འདུས་ཕོ་བྲང་བཞེངས། ལྷོ་མོན་གྱི་ཡུལ་གྲུ་ཕལ་ཆེར་བཀའ་དབང་དུ་འདུས། ལྷོ་མོན་ཡུལ་གྱི་ཆོས་སྲིད་གཉིས་ཀྱི་བདག་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱུར་ཏེ། ཆོས་ལ་འབྲུག་པ་བཀའ་བརྒྱུད་དང༌། དཔོན་ལ་འབྲུག་པའི་བླ་མ་བྱུང་སྟབས་རིམ་བཞིན་དབུས་གཙང་ལྷོ་མོན་ཀུན་གྱི་མི་རྣམས་ཀྱིས་མོན་ཡུལ་ལ་འབྲུག་ཡུལ་ཞེས་འབོད་སྲོལ་དེ་བྱུང༌། རྗེས་སུ་འབྲུག་པ་རང་བཙན་རྒྱལ་ཁབ་ཆགས་ནས་འབྲུག་རྒྱལ་ཁབ་ཅེས་པ་འདི་བྱུང་ཡོད། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཆོས་རྟགས་སུ་འབྲུག་རིས་སྤྱོད་སྲོལ་ཡོད་པ་ལྟར། འབྲུག་རྒྱལ་ཁབ་ཀྱི་དར་ཆ་ཡང་འབྲུག་རིས་ཅན་འདི་བྱུང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ལྷོ་འབྲུག་གི་ཡུལ་དུ་དགོན་པ་གཙོ་བོ་བཞི་བཏབ་ཡོད་པ་ནི། འབྲུག་ཐིམ་ཕུན་དགོན་དང༌། པུ་ན་ཁ། ཀྲོང་གསར་དགོན། དབང་འདུས་ཕོ་བྲང་བཅས་སོ། །རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ཕྱི་ལོ་ ༡༦༥༠ ལོར་ལྷོ་འབྲུག་གི་གྱེན་ལོག་པ་རྣམས་ཀྱིས་བཀྲོངས་སོ། །ལྷོ་མོན་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་དེ་ཕྱི་ལོ་ ༡༦༡༩ ལོའི་རྗེས་སུ་བྱུང་བ་ཞིག་ཡིན་པ་ལས་དེའི་གོང་དུ་ལྷོ་མོན་དང་འབྲེལ་ཡོད་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཐམས་ཅད་ནང་དུ་ལྷོ་འབྲུག་ཡུལ་ཞེས་པའི་མིང་རྩ་བ་ནས་མཐོང་རྒྱུ་མེད་ལ། དེས་ན་འབྲུག་པ་བཀའ་བརྒྱུད་ཅེས་པའི་མིང་དེ་ཕྱི་ལོ་ ༡༢༠༥ ལོར་གཙང་པ་རྒྱ་རས་ཀྱི་འབྲུག་སེ་བ་བྱང་ཆུབ་གླིང་བཏབ་ནས་དེར་གདན་ས་བྱས་པའི་རྗེས་སུ་བྱུང་ཞིང༌། ལྷོ་མོན་གྱི་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་དེ་ཕྱི་ལོ་ ༡༦༡༩ ལོར་འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་མོན་ཐིམ་ཕུ་དགོན་པ་བཏབ་རྗེས་སུ་བྱུང་ཡོད་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་གསལ།




ཀུན་མཁྱེན་ཆེན་པོའི་གདན་ས་འབྲུག་ཡུལ་ལ་གླིང་དགུ་ཡོད་པ་ལས་གླིང་དྲུག་དང་མཛོད་བདུན་བརྩམས་སྐབས་སྲུང་མས་རོགས་དན་བཟོས་པའི་དན་རྟགས་ཀྱི་པར་རིས་འགའ།

密师古籍整理办



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-22 00:01 , Processed in 0.026856 second(s), 20 queries .

返回顶部