博客西藏在最高处过一种生活

日志

བོད་ཀྱི་ལོ་རྒྱུས་སྟེང་གི་གྲགས་ཅན་མི་སྣ་བ ...

已有 53 次阅读2019-8-30 11:10 |系统分类:文化

བོད་ཀྱི་ལོ་རྒྱུས་སྟེང་གི་གྲགས་ཅན་མི་སྣ་བརྒྱ་དང་གཅིག

སྲོང་བཙན་སྒམ་པོ--བོད་རྒྱལ་༣༢པ།མི་རིགས་ཀྱི་དཔའ་བོ། རྒྱ་བོད་འདུམ་འགྲིག་གི་བཟོ་བསྐྲུན་པ།

ཐོན་མི་སམ་བྷོཊ----བོད་ཡིག་གསར་གཏོད་མཛད་པ་པོ།

མགར་སྟོང་བཙན---བཙན་པོའི་རྒྱལ་རབས་སྐབས་ཀྱི་བློན་ཆེན།

སྦ་གསལ་སྣང་།---བོད་ཀྱི་བསྟན་པ་སྔ་དར་སྐབས་ཀྱི་བླ་དཔོན།མིང་དུ་གྲགས་པའི་ལོ་རྒྱུས་པ།

གཡུ་ཐོག་ཡོན་ཏན་མགོན་པོ--བོད་ཀྱི་ལྷ་རྗེ་ཡི་ཡང་མེས།

ཁྲི་སྲོང་སྡེ་བཙན--བོད་བཙན་པོའི་སྐབས་ཀྱི་རྒྱལ་རབས་༣༧པ།

བེ་རོ་ཙྰ་ན།--བོད་སྨན་གྱི་ལོ་ཙ་བ་ཆེན་པོ།སད་མི་བདུན་གྱི་ཡ་གྱལ།

ཁྲི་གཙུག་སྡེ་བཙན།--བོད་ཀྱི་རྒྱལ་རབས་༤༡

གླང་དར་མ--ཕྱོགས་ལྷུང་དང་ཧོལ་རྒྱུག་གི་སྐྱོན་མ་ཞུགས་ཤིང་།དངོས་ཡོད་ལ་བརྩི་འཇོག་དང་འཚོ་གནས་ལ་མཐོང་ཆེན།རིག་གནས་ཀྱི་རིན་ཐང་མཁྱེན་ཞིང་རྒྱལ་སྲིད་སྐྱོང་བའི་གོ་རྟོགས་ལྡན་པ།བཀག་རྒྱས་མ་བཅིངས་པར་ཉེན་ཁ་མཆོང་བའི་བློ་སྟོབས་ལྡན་པའི་བོད་བཙན་པོའི་གསར་རྗེ་བ་ཞིག

དབས་ཁོ་བཞེར་ལེགས་སྟེང--བོད་ཀྱི་བྲན་གཡོག་སྤྱི་ཚོགས་ཀྱི་འགོ་བ།

འགོས་ཆོས་གྲུབ--ཕུལ་དུ་བྱུང་བའི་ནང་བསྟན་ལོ་ཙ་བ།

བླ་ཆེན་དགོངས་པ་རབ་གསལ--བོད་ཀྱི་བསྟན་པ་ཕྱི་དར་སྐབས་ཀྱི་བླ་ཆེན།

མངའ་བདག་ཇོ་སྲས---སུང་རྒྱལ་རབས་ཀྱི་ཆབ་སྲིད་པ།

འབྲོམ་སྟོན་པ་རྒྱལ་བོའི་འབྱུང་གནས།--བོད་བརྒྱུད་བཀའ་གདམས་པའི་སྲོལ་འབྱེད་པ།

མར་བ་ཆོས་ཀྱི་བློ་གྲོས--བོད་རྒྱུད་དྭགས་པོ་བཀའ་རྒྱུད་པའི་སྲོལ་འབྱེད་པ།

དཀོན་མཆོག་རྒྱལ་བོ---ས་སྐྱ་ཆོས་ལུགས་པའི་སྲོལ་འབྱེད་པ་པོ།

མི་ལ་རས་པ--བཀའ་རྒྱུད་པའི་བླ་ཆེན་གཉིས་པ།མཐུ་ཆེན་པ་དང་མིང་དུ་གྲགས་པའི་ཆོས་ལུགས་པ།

རྔོག་བློ་ལྡན་ཤེས་རབ--མིང་དུ་གྲགས་པའི་ལོ་ཙ་བ།

དྭགས་པོ་ལྷ་རྗེ--དྭགས་པོ་བཀའ་རྒྱུད་པའི་བླ་ཆེན།

ཀུན་དགའ་སྙིང་བོ---ས་སྐྱའི་གདུང་རབས་ལྔ་བ།

ཕག་གྲུབ་རྡོ་རྗེ་རྒྱལ་བོ--ཕག་གྲུབ་བཀའ་རྒྱུད་པའི་སྲོལ་འབྱེད་པ།

རྐ་རྨ་དུས་གསུམ་མཁྱེན་པ--ནང་བསྟན་རྐ་རྨ་བཀའ་རྒྱུད་པའི་སྲོལ་འབྱེད་པ།

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ--བོད་ཀྱི་མིང་དུ་གྲགས་པའི་ལྷ་རྗེ།

སྟག་ལུང་ཐང་བ་རྡོ་རྗེ་དཔལ--སྟག་ལུང་བཀའ་རྒྱུད་པའི་སྲོལ་འབྱེད་པ།

འབྲི་གུང་རིན་ཆེན་དཔལ--བོད་བརྒྱུད་འབྲི་གུང་བཀའ་རྒྱུད་ཀྱི་སྲོལ་འབྱེད་པ།

ས་པཎ་ཀུན་དགའ་རྒྱལ་མཚན།--མིང་དུ་གྲགས་པའི་མཁས་ཆེན།རྒྱལ་ཁབ་གཅིག་གྱུར་བྱེད་པའི་སྔོན་རབས་པ།

ཀརྨ་འོད་ཞི--ཀརྨ་བཀའ་རྒྱུད་པའི་བླ་ཆེན་གཉིས་པ།

འགྲོ་མགོན་འཕགས་པ--ཡོན་རྒྱལ་རབས་ཀྱི་བླ་དཔོན།སོག་ཡིག་གསར་བཟོ་མཁན།

སེང་གེ།--ཡོན་རྒྱལ་རབས་སྲིད་གཞུང་གི་བློན་ཆེན།

རང་སྐྱོང་རྡོ་རྗེ།---ནང་བསྟན་ཀརྨ་བཀའ་རྒྱུད་པའི་བླ་དཔོན་གསུམ་པ།

བྱང་ཆུབ་རྒྱལ་མཚན--ཡོན་རྒྱལ་རབས་ཀྱི་མིང་དུ་གྲགས་པའི་ཆབ་སྲིད་པ།

ཀླུང་ཆེན་རབ་འབྱམས་པ།--ནང་བསྟན་ཉི་མ་བའི་བླ་རྒྱུད་གདན་རབས་ལྔ་བ།

ཚལ་བ་ཀུན་དགའ་རྡོ་རྗེ--ལོ་རྒྱུས་པ།བཀའ་འགྱུར་གྱི་རྩོམ་སྒྲིག་པ།

ས་སྐྱ་བ་བསོད་ནམས་རྒྱལ་མཚན--མིང་དུ་གྲགས་པའི་ལོ་རྒྱུས་སྨྲ་བ།རྩོམ་རིག་པ།

ཤཀྱ་ཡེ་ཤེས།--མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་ཕོ་ཉ།

ཙོང་ཁ་བ--ཆོས་ལུགས་བཅོས་བསྒྱུར་མཁན།འགུལ་བསྐྱོད་པ། དགེ་ལུགས་པའི་སྲོལ་འབྱེད་མཁན།

རྒྱལ་ཚབ་རྗེ་དར་མ་རིན་ཆེན--དགེ་ལུགས་བླ་ཆེན།དགའ་ལྡན་ཁྲི་བ་གཉིས་པ།

གྲགས་པ་རྒྱལ་མཚན--དབུས་གཙང་ཕག་གྲུབ་ཡུལ་གྲུའི་ཆོས་རྒྱལ་གདུང་རབས་ལྔ་བ།

བྱང་ཆུབ་རྒྱལ་མཚན--དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་འབྲས་སྤུངས་དགོན་འདེབས་འཛུགས་མཁན།

དུས་ཡུན་ཤེས་པ--ཀརྨ་བཀའ་རྒྱུད་པའི་བླ་ཆེན་སྐུ་ཕྲེང་ལྔ་བ།

མཁས་གྲུབ་རྗེ--པན་ཆེན་སྐུ་ཕྲེང་དང་བོ།

ཐང་སྟོང་རྒྱལ་བོ--མིན་རྒྱལ་རབས་ཀྱི་བཟོ་བསྐྲུན་པ།བོད་ཟློས་གར་གསར་གཏོད་བྱེད་མཁན།

དགེ་འདུན་གྲུབ་པ--རྒྱལ་དབང་སྐུ་ཕྲེང་དང་བོ།

འགོས་གཞོན་ནུ་དཔལ--ལོ་རྒྱུས་སྨྲ་བ་པོལོ་ཙ་བ། བཀའ་རྒྱུད་པའི་བླ་ཆེན།

སངས་རྒྱས་རྒྱལ་མཚན།--བཀའ་རྒྱུད་པའི་མིང་དུ་གྲགས་པའི་བླ་ཆེན།མི་ལ་རས་པའི་རྣམ་ཐར་རྩོམ་པ་པོ།

དགེ་འདུན་རྒྱ་མཚོ--ཏ་ལའི་བླ་མ་སྐུ་ཕྲེང་གཉིས་པ།

བསོད་ནམས་གྲགས་པ--དགའ་ལྡན་ཁྲི་བ།མཁས་པའི་གཙུག་རྒྱན།

འབར་དབང་ཛོ་ལ་ཕྲེང་བ--ལོ་རྒྱུས་སྨྲ་བམཁས་པའི་དགའ་སྟོན་གྱི་རྩོམ་པ་པོ།

བསོད་ནམས་རྒྱ་མཚོ--ཏ་ལའི་སྐུ་ཕྲེང་གསུམ་པ།

བློ་བཟང་ཆོས་ཀྱི་རྒྱལ་མཚན---པན་ཆེན་སྐུ་ཕྲེང་བཞི་བ།མི་རིགས་མཐུན་སྒྲིལ་གྱི་དེད་དཔོན།

ཏ་ར་ནྰ་ཐ---མིན་རྒྱལ་རབས་ཀྱི་ལོ་རྒྱུས་པ།རྒྱ་གར་སྐད་བརྡ་སྨྲ་བ་པོ།

ངག་དབང་བློ་བཟང་རྒྱ་མཚོ---ཏ་ལེ་བླ་མ་སྐུ་ཕྲེང་ལྔ་བ།མཁས་པ་ཆེན་པོ།

ངག་དབང་བློ་བཟང་ཆོས་ལྡན--ཀྲང་ཀྱྰ་ཧུ་ཐོག་ཐུ་སྐུ་ཕྲེང་དང་པོ།མཁས་པ་ཆེན་པོ། དགེ་ལུགས་པའི་དགོན་ཆེན་བླ་བྲང་དགོན་འདེབས་འཛུགས་མཁན།

ངག་དབང་ཚུལ་མཛེས--འཇམ་དབྱངས་ཧུ་ཐོག་ཐུ་སྐུ་ཕྲེང་དང་།མཁས་དབང་དང་དགེ་ལུགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་འདེབས་འཛུགས་མཁན།

སྡེ་སྲིད་སངས་རྒྱས་རྒྱ་མཚོ---མིང་གྲགས་ཆབ་སྲིད་པ།ཕུལ་བྱུང་ཚན་རིག་པ། ཕོ་བྲང་པོ་ཏ་ལ་བསྐྱར་གསོ་བྱེད་མཁན།

བློ་བཟང་ཡེ་ཤེས--པན་ཆེན་སྐུ་ཕྲེང་ལྔ་བ།

ཚངས་དབྱངས་རྒྱ་མཚོ--ཏ་ལེ་བླ་མ་སྐུ་ཕྲེང་དྲུག་པ།སྙན་ངག་པ།

ཁང་དཀྱིལ་ཏིན།--ཆིན་རྒྱལ་རབས་ཀྱི་བཀའ་བློན་བྱས་རྗེས་ཅན།

པོ་ལོ་ཏིན--རྒྱལ་གཅེས་མི་རིགས་དཔའ་བོ།

ཚེ་རིང་དབང་རྒྱལ--ཕུལ་དུ་བྱུང་བའི་རྩོམ་རིག་པ།

ཟི་ཐུའུ་ཆོས་ཀྱི་འབྱུང་གནས--ཕུལ་བྱུང་རིག་གནས་པ་དང་བཀའ་རྒཡད་པའི་མིང་དུ་གྲགས་པའི་བླ་མ།

སུམ་པ་ཡེ་ཤེས་དཔལ་འབྱོར--ནང་བསྟན་མཁས་དབང་།ལོ་རྒྱུས་པ། མཚོ་སྔོན་དགོན་ལུང་དགོན་པའི་ཁྲི་བ༣༢

དགེ་བཟང་རྒྱ་མཚོ--ཏ་ལེ་བླ་མ་སྐུ་ཕྲེང་བདུན་པ།

ཐུའུ་ཀན་བློ་བཟང་ཆོས་ཀྱི་ཉི་མ--ཐུའུ་ཀན་སྐུ་ཕྲེང་གསུམ་པ།ནང་བསྟན་གྱི་མཁས་དབང་།

བློ་བཟང་བསྟན་པའི་ཡེ་ཤེས--པན་ཆེན་སྐུ་ཕྲེང་དྲུག་པ།

གུང་ཐང་བསྟན་པའི་སྒྲོན་མེ--ཕུལ་དུ་བྱུང་བའི་རྩོམ་རིག་པ།བླ་བྲང་དགོན་གྱི་གུང་ཐང་སྐུ་ཕྲེང་གསུམ་པ། དགོན་འདི་ཁྲི་བ་༢༡།

བསྟན་པའི་ཉི་མ--པན་ཆེན་སྐུ་ཕྲེང་བདུན་པ།

བྱ་དཀའ་ཚང་།--དམངས་ཁྲོད་རྩོམ་རིག་པ།

བསྟན་འཛིན་ཕུན་ཚོགས--བོད་སྨན་སྡེབ་སྦྱོར་གྱི་མཁས་པཁྲ་འབྲུག་རྩྭ་སྨན་གྱི་གཞུང་གི་རྩོམ་པ་པོ།

ས་ལ་གཡང་དྲུང་།--ཟི་ཁྲོན་བོད་ཁུལ་གྱི་ཞིང་བའི་འོས་ལངས་དངག་གི་འགོ་དཔོན།

དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ--ཆོས་ལུགས་ཁྱབ་སྒྲོག་པ།སློབ་གསོ་བ་དང་མཁས་ཆེན་དམ་པ།

མི་ཕམ་རྣམ་རྒྱལ་རྒྱ་མཚོ--ནང་བསྟན་མཁས་དབང་།མིང་དུ་གྲགས་པའི་མཁས་པ།

ཞབས་དཀར་མི་འགྱུར་ལྷུན་འགྲུབ།--ཉེ་རབས་མིང་དུ་གྲགས་པའི་སྙན་ངག་པ།

ཐུབ་བསྟན་ཕུན་ཚོགས--ཏ་ལེ་སྐུ་ཕྲེང་བཅུ་གསུམ་པ།

ཆོས་ཀྱི་ཉི་མ--པན་ཆེན་སྐུ་ཕྲེང་དགུ་བ།རྒྱལ་གཅེས་པ་དང་མི་རིགས་མཐུན་སྒྲིལ་གྱི་སྣེ་ཁྲིད་པ།

ཤེས་རབ་རྒྱ་མཚོ--ཉེ་རབས་ཀྱི་མཁས་དབང་དང་ཆོས་ལུགས་པའི་ཁྲོད་ཀྱི་རྒྱལ་གཅེས་མི་སྣ།

ངག་དབང་ཕུན་ཚོགས--ཉེ་རབས་བཙན་རྒྱལ་རང་ལུགས་ཀྱི་ངོ་རྒལ་བ།

དགེ་བཟང་ཆོས་འབྱོར--ཉེ་རབས་ཁམས་ཡུལ་གྱི་རིག་གནས་མི་སྣ་མིང་གྲགས་ཅན།

དགེ་སྟག--ཁམས་ཡུལ་དཔལ་ལུ་དགོན་གྱི་བླ་བ།བོད་ལྗོངས་བཅིངས་འགྲོལ་གྱི་གདོང་ལེན་པ།

དགེ་འདུན་ཆོས་འཕེལ--མིང་དུ་གྲགས་པའི་ཞིབ་འཇུག་པ་དང་མཁས་པ།

དགེ་བཟང་ཚེ་རིང་།--ཉེ་རབས་ཁམས་ཡུལ་གྱི་མིང་དུ་གྲགས་པའི་ཆབ་སྲིད་པ།

བསྟན་འཛིན་རྒྱལ་མཚན--ར་སྒྲེང་ཧུ་ཐོག་ཁུ་ཐུའུ་སྐུ་ཕྲེང་ལྔ་བ།བླ་བྲང་དགོན་གྱི་བླ་མ།

ལེགས་པ་བླ་མ--ཀན་ལྷོའི་ཞིང་པའི་འོས་ལངས་ཀྱི་འགོ་ཁྲིད།

ཆོས་ཀྱི་རྒྱལ་མཚན--པན་ཆེན་སྐུ་ཕྲེང་བཅུ་བ།བོད་ཀྱི་ཕུལ་དུ་བྱུང་བའི་དབུ་ཁྲིད་པ་།

གྱིམ་ཤིང་ཀོང་ཅོ--རྒྱ་བོད་མཛའ་འབྲེལ་གྱི་ཕོ་ཉ།

ཞི་བ་ལྷ--འཕགས་ཡུལ་བླ་ཆེན།ནང་བསྟན་དབུ་མ་བའི་སྲོལ་འབྱེད་པ་པོ།

པདྨ་འབྱུང་གནས--འཕགས་ཡུལ་གསང་སྔགས་ཀྱི་བླ་ཆེན།ཉི་མ་བཀའ་རྒྱུད་པའི་ཡང་མེས།

དཔལ་ལྡན་ཨ་ཏི་ཤ--སང་ག་ལའི་མིང་དུ་གྲགས་པའི་ལོ་ཙ་བ།

བློ་བཟང་བཀྲ་མི་ཆུ--ནང་སོག་འབྲས་སྤུངས་བརྩོན་ལྡན་ཧུ་ཐོག་ཁུ་ཐུའུ།

རོལ་བའི་རྡོ་རྗེ--བོད་ཀྱི་བླ་ཆེན་བཞིའི་ཡ་གྱལལྕང་སྐྱ་ཧུའུ་ཐོག་ཁུ་ཐོག་སྐུ་ཕྲེང་གསུམ་པ།

དགེ་བཤེས་ཚོས་ཀྱི་གྲགས་པ--ཨུ་རུ་སུར་སྡོད་པའི་སོག་པོའི་མིས་དབང་།

དོན་གྲུབ་རྒྱལ--གྲགས་ཅན་རྩོམ་པ་པོ།རང་མོས་སྙན་ངག་སྲོལ་བྱེད་པོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-21 23:47 , Processed in 0.025933 second(s), 21 queries .

返回顶部