博客西藏在最高处过一种生活

日志

རྡོ་རྗེ་གདན་གྱི་མཆོད་རྟེན་དང་བྱང་ཆུབ་ལྗོ ...

已有 228 次阅读2019-7-26 11:37 |系统分类:信仰| 伽耶, 金刚座

རྡོ་རྗེ་གདན་གྱི་མཆོད་རྟེན་དང་བྱང་ཆུབ་ལྗོན་ཤིང་གི་གནས་བཤད།

ནང་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེ་དང་བྱང་ཆུབ་ལྗོན་ཤིང་སྐོར་ཧིན་སྐད་ནང་གནས་བཤད་གོ་བདེ་རྒྱབ་པ་འདི་བཞིན་ཧིན་སྐད་དམ་རྒྱ་གར་སྐད་ལ་གོམས་པ་མེད་པའི་བོད་ཡིག་མཁྱེན་མཁན་ཚོའི་ཆེད་དུ། ལྷག་བསམ་ཅན་མཁས་དབང་དགེ་བྱམས་པ་བློ་གསལ་ལགས་ནས་བོད་སྐད་ཐོག་ཕབ་བསྒྱུར་གནང་འདུག་པས་ལོ་རྒྱུས་ལ་ཐུགས་སྣང་ཅན་དང་མཁྱེན་འདོད་ཡོད་པ་ཚོར་ཕན་ཐོག་ངེས་སུ་མཐོང་ནས་བཀོད་པ་ལགས་སོ།

རྡོ་རྗེ་གདན་གྱི་གཱན་དོ་ལའི་མཆོད་རྟེན་དེ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱིས་དུས་རབས་གསུམ་པའི་ནང་བཞེངས་པ་རེད། དེའི་རྗེས་སུ་རྒྱལ་པོ་ཀ་ནི་ཥྐས་ཡར་རྒྱས་བཏང་བ་རེད། སྤྱི་ལོ་ ༡༢༠༥ ནང་སྦག་ཏི་ཡར། ཨུ་དིན་ཁིལ་ཇི་ཞེས་པས་འདིར་དྲག་པོས་དཔུང་འཇུག་བྱས་ཏེ་མཆོད་རྟེན་འདི་རྩ་མེད་གཏོང་རྩིས་བྱས་པ་རེད།  འོན་ཀྱང་དེ་གའི་དགེ་འདུན་པ་རྣམས་ཀྱིས་མཆོད་རྟེན་གྱི་ཕྱོགས་བཞི་ཀ་ནས་ས་ཕུང་དང་། རྩི་ཤིང་དག་གིས་ཡོངས་སུ་བསྐོང་ཏེ་སྲུང་སྐྱོབས་བྱས་པ་རེད།།

༡༨༧༦ ལོར་དམག་དཔོན་ཀ་ལིང་གམ་ཞེས་པས་མཆོད་རྟེན་འདི་འཚོལ་བརྙེད་བྱུང་བ་རེད།   སྙན་གྲགས་ཆེ་བའི་རྒྱ་ནག་གྱི་གནས་སྐོར་བ་ཧུན་སང་གིས་ཁོ་རང་གི་འགྲུལ་དེབ་ནང་འདིའི་སྐོར་རྒྱས་བཤད་བྱས་ཡོད།  བྱང་ཆུབ་ཆེན་པོའི་མཆོད་རྟེན་འདིའི་ཆ་ཤས་གལ་ཆེ་ཤོས་ཞིག་ནི་བྱང་ཆུབ་ལྗོན་ཤིང་དེ་ཡིན།    པི་པལ་གྱི་སྡོང་པོའི་འོག་ཏུ་བཞུགས་ཏེ་རྒྱལ་སྲས་དོན་གྲུབ་ཀྱིས་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་རེད། ད་ལྟ་ང་ཚོས་དངོས་སུ་མཇལ་དུ་ཡོད་པའི་ལྗོན་ཤིང་དེ་ནི་ཐོག་མའི་ལྗོན་ཤིང་དེའི་བརྒྱུད་པ་བཞི་པ།  མི་ལོ་ ༡༣༤ ཙམ་སོང་བའི་ལོ་རྒྱུས་ལྡན་པ་ཞིག་རེད   ཆོས་རྒྱལ་མྱ་ངན་མེད་ཀྱིས་ལྗོན་ཤིང་དེའི་ཡལ་ག་དང་ལོ་མ་རྣམས་བསྐུར་ཏེ་ཁོ་རང་གི་རྒྱལ་སྲས་མ་ཧེན་དྲ་དང་།  སྲས་མོ་སངྒ་མི་ཏྲ་གཉིས་ཤྲི་ལངྐ་ལ་བཏང་སྟེ་ནང་ཆོས་ཁྱབ་སྤེལ་བྱེད་དུ་བཅུག་པ་རེད། ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོ་ཏི་རཀྴི་ཏ་ཞེས་པས་གསང་སྟབས་ཀྱིས་ལྗོན་ཤིང་དེ་བཏུབས་ཏེ་གཉར་ནས་བསྡད་པའི་ལོ་རྒྱུས་ཡང་ཡོད།   སྐབས་དེར་ཆོས་རྒྱལ་མྱ་ངན་མེད་ཡུལ་ལྗོངས་ས་ཐག་རིང་པོ་ཞིག་ལ་ཕེབས་པ་རེད། ལོ་ཁ་ཤས་ཀྱི་རྗེས་སུ་བཅད་བཏུབས་བྱས་པའི་ལྗོན་ཤིང་དེ་གའི་ས་དམིགས་ནས་ལྗོན་ཤིང་གསར་པ་ཞིག་སླར་ཡང་སྐྱེ་ཡོང་བ་རེད། འདི་ནི་བྱང་ཆུབ་ལྗོན་ཤིང་དེའི་བརྒྱུད་པ་གཉིས་པ་དེ་ཡིན། ལྗོན་ཤིང་དེ་ཕལ་ཆེར་ལོ་ངོ་བརྒྱད་བརྒྱ་ཙམ་གནས་ཐུབ་པ་བྱུང་བ་རེད།།

སྤྱི་ལོ་  ༦༢༠  ལོར་བྲམ་ཟེའི་ཆོས་ལུགས་རྗེས་འཛིན་པ།   ནང་ཆོས་ལ་ལྟ་ལོག་འཆང་མཁན་བྷངྒ་ལའི་རྒྱལ་པོ་ཤེ་ཤངྐ་ཞེས་པས་བྱང་ཆུབ་ལྗོན་ཤིང་བརྒྱུད་པ་གཉིས་པ་དེའི་རྩ་བ་དང་བཅས་པ་ལྐོག་འཇོམ་བྱེད་ཐུབ་པའི་ཐབས་ཤེས་འབད་བརྩོན་བྱས།   འོན་ཀྱང་ཁོང་སྡིག་ལས་འདི་ལ་གྲུབ་འབྲས་ཐོན་ཐུབ་པ་ཞིག་མ་བྱུང་ཙང་།   ཁོས་ལྗོན་ཤིང་དེའི་ཡལ་ག་ཡོད་ཚད་བཏུབས།   རྩ་བ་ལ་མེ་བརྒྱབས་ཏེ་རྩ་མེད་བཟོ་ཐབས་བྱས་ཀྱང་ལྗོན་ཤིང་གི་རྩ་བ་ཚང་མ་རྩ་མེད་འགྲོ་མ་ཐུབ་པ་རེད།  དེས་ན་དུས་ཚོད་གང་འཚམས་ཤིག་སོང་བའི་རྗེས་སྔར་ལྗོན་ཤིང་ཡོད་སའི་ས་ཆ་ད་ག་རང་ནས་ལྗོན་ཤིང་གཞན་ཞིག་སྐྱེས་ཡོང་བ་རེད།     འདི་བྱང་ཆུབ་ལྗོན་ཤིང་དེའི་བརྒྱུད་པ་གསུམ་པ་དེ་རེད།    ལྗོན་ཤིང་འདི་ལོ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཙམ་གནས་ཐུབ་པ་རེད། ལྗོན་ཤིང་དེ་  ༡༨༧༦ ལོར་རང་བྱུང་འབྱུང་བའི་ཁམས་ཀྱིས་གནོད་པ་ལ་བརྟེན་རྩ་བརླགས་ཕྱིན་པ་རེད། །

སྤྱི་ལོ་  ༡༨༨༠ ལོར།   (LORD) ལོརཌ་ཀ་ལིང་གམ་ཞེས་པས་ཤྲི་ལངྐའི་ཨ་ནུ་ར་རྡ་པུ་རམ་ཞེས་པའི་གནས་ནས་བྱང་ཆུབ་ལྗོན་ཤིང་གི་ཡལ་ག་ནང་འདྲེན་བྱས་ཏེ་རྡོ་རྗེ་གདན་དུ་བཙུགས་པ་རེད།   འདི་བྱང་ཆུབ་ལྗོན་ཤིང་དེའི་བརྒྱུད་པ་བཞི་པ་དེ་རེད།    ཆོས་རྒྱལ་མྱ་ངན་མེད་ཀྱིས་ཁོང་རང་གི་སྲས་པོ་མ་ཧེན་དྲ་དང་སྲས་མོ་སངྒ་མི་ཏྲ་གཉིས་ཀྱི་མཉམ་དུ་ལྗོན་ཤིང་དང་པོའི་ཡལ་ག་ཤྲི་ལངྐར་བསྐུར་གནང་བ་དེ།   ལྗོན་ཤིང་དེ་དེ་གའི་གནས་མཆོག་ཨ་ནུ་ར་རྡ་པུ་རམ་ལ་བཙུགས་པ་རེད། དེ་ད་ལྟའི་བར་འཚོ་གནས་ཐུབ་པ་བྱུང་ཡོད།   འཛམ་གླིང་སྤྱི་ཡོངས་ནས་ངོས་འཛིན་བྱེད་བཞིན་པའི་ལོ་རྒྱུས་དེབ་ཐེར་རྣམས་ལ་གཞི་བཅོལ་བ་ཡིན་ན་བྱང་ཆུབ་ལྗོན་ཤིང་འདི་ནི་མི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པ་ཞིག་ཡིན།    ད་ལྟ་རྡོ་རྗེ་གདན་འདིར་ང་ཚོས་མཇལ་དུ་ཡོད་པའི་ལྗོན་ཤིང་འདི་ནི་ཐོག་མའི་ལྗོན་ཤིང་དེའི་བརྒྱུད་པ་བཞི་པ་དེ་ཡིན།   བྱང་ཆུབ་ལྗོན་ཤིང་འདིའི་ཟུར་ཁུག་དེར་རྡོ་ལེབ་ཆེན་པོ་ཞིག་ཡོད། དེར་སྟོན་པ་ཐུབ་པའི་དབང་པོའི་ཞབས་རྗེས་བཞུགས་ཡོད།   འདི་ལ་བཛྲ་ཨ་སན། ཡང་ན་རྡོ་རྗེ་གདན་ཞུ་གི་ཡོད།། 

(阿妈的绿松石)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-24 12:11 , Processed in 0.026472 second(s), 20 queries .

返回顶部