博客西藏在最高处过一种生活

日志

སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ། 玛尔巴 ...

已有 162 次阅读2019-7-26 11:30 |系统分类:信仰| 玛尔巴, 译师

སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ། 玛尔巴

སྒྲ་བསྒྱུར་མར་པ་ལོ་ཙྭ་ལ་གསོལ་བ་འདེབས།


དགྱེས་མཛད་སྡོམ་པ་དཔལ་ལྡན་འདུས་པ་སྟེ།། 

ཁྱབ་བདག་དུས་འཁོར་བཅོམ་ལྡན་རྡོ་རྗེ་སེམས།།

རྡོ་རྗེ་སློབ་དཔོན་གཟུགས་ཀྱིས་མངོན་སྤྲུལ་པ།།

ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས།།

སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་དགྱེས་མཛད་ཧེ་རུ་ཀའི་ངོ་བོ་མར་པ་ལོ་ཙཱ་བ་ཆེན་པོ་ཆོས་ཀྱི་བློ་གྲོས་ནི།



མཚན།          ཆོས་ཀྱི་བློ་གྲོས།

རུས།             མར་པ།

འཁྲུངས་ཡུལ། ལྷོ་བྲག་གྲོ་བོ་ལུང་། 

ཡབ་ཡུམ།  ཡབ་མར་སྟོན་དབང་ཕྱུག་འོད་ཟེར་དང་། ཡུམ་རྒྱལ་མོ་མཚོ་ཡི་སྲས་སུ་སྐུ་བལྟམས།

འཁྲུངས་འདས།  ༡༠༡༢-༡༠༩༧ གུང་ལོ་གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང་ལོར་རྟ་པ་ཟླ་བའི་ཚེས་བཅོ་ལྔ་ལ་བབས་པ་ན་དགོངས་པ་ཆོས་དབྱིངས་སུ་ཐིམ། 

ཐོབ་ཐང་། ལོ་ཙཱ་བ། 

གསར་གཏོད།    དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཕྱེས།

བཞུགས་གནས།   ལྷོ་བྲག་གྲོ་བོ་ལུང་།

སློབ་སྦྱོང་བྱེད་ཚུལ།  སྐུ་ཆུང་དུས་ནས་འབྲི་ཀློག་མཁས་ཤིང་སྤྱོད་པ་གྱོང་། དགུང་ལོ་བཅུ་གཉིས་ལ་འབྲོག་མིའི་མདུན་ནས་སྒྲ་བསླབས། གཉོས་ལོ་དང་འགྲོགས་ནས་བལ་ཡུལ་དུ་ཕེབས། བལ་པོ་ཕམ་ཐིང་པའི་མདུན་ནས་དགྱེས་རྡོར་གདན་བཞི་དུད་སོལ་སོགས་ཞུས།  སྒྲ་ཚད་གསོ་རིག་ལ་ཞར་ཆོས་མཛད།དེ་ནས་པཎྜི་ཏ་ཡེ་ཤེས་སྙིང་བོ་དང་མཇལ་ཀྲི་ཡ་དང་ཨུ་པའི་སྐོར་ཞུས།  པེནྟ་ཏ་པ་ཆེན་པོས་ལམ་རྒྱུས་བྱས་ཏེ་རྒྱ་གར་ཁྲིད་ནས་འཕགས་ཡུལ་གྱི་རྟེན་གནས་ནཱ་ལེནྡྲར་ཕེབས། མེ་ཏོག་སྣ་ལྔས་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པར་སློབ་དཔོན་ཆེན་པོ་ནཱ་རོ་བ་དང་མཇལ།  དད་གུས་ཅིག་ཅར་དུ་འཆར། དེ་མ་ཐག་ཏུ་སློབ་དཔོན་ཆེན་པོས་ཕྱག་སྤྱི་བོར་བཞག་ནས། 

བླ་མས་ལུང་བསྟན་བདག་གིས་བུ། 

སྣོད་ལྡན་མར་བ་བློ་གྲོས་ཀྱིས། 

ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས། 

རྒྱལ་ཚབ་འཛིན་ཕྱིར་སླེབས་པ་ལེགས། །ཞེས་གསུངས། ཐུགས་ཤིན་ཏུ་དགྱེས་བཞིན་དགྱེས་རྡོར་རྩ་བཤད་ལ་ཚོགས་བཤད་དང་།   སློབ་བཤད། མན་ངག་དང་བཅས་པ་གནང་།  དགྱེས་རྡོར་ལྷ་དགུའི་དབང་བསྐུར་བས། དབང་དུས་དེར་མཐོང་ལམ་རྟོགས། ཡེ་ཤེས་སྙིང་པོ་ལས་ཕ་རྒྱུད་གསང་བ་འདུས་པའི་དབང་རྒྱུད་མན་ངག་འཕགས་ལུགས་མཐའ་དག་གསན།  དེ་ནས་སློབ་དཔོན་ཀུ་ཀུ་རི་བའམ་ཞི་བ་བཟང་པོ་ལས་མ་རྒྱུད་མ་ཧཱ་མཱ་ཡའི་དབང་བསྐུར་ཏེ་གསང་མཚན་དུ་བདེ་བའི་རྡོ་རྗེ་ཞེས་བཏགས། རྒྱུད་འགྲེལ་མན་ངག་མ་ལུས་པ་གནང་།  དེ་ནས་རི་མེ་ལྟར་འབར་བའི་དུར་ཁྲོད་ན་སློབ་དཔོན་ཆེན་པོ་མེེ་ཏྲི་བ་དང་མཇལ། རང་དབང་མེད་པར་མོས་གུས་སྐྱེས། དབང་བསྐུར་ཏེ་གསང་མཚན་ཐུགས་ཀྱི་རྡོ་རྗེར་བཏགས། མཚན་བརྗོད་དང་། དོ་ཧ། ཕྱག་རྒྱ་ཆེན་པོ་རྣམས་གསན། གཅིག་ཆར་བའི་རྟོགས་པ་ནམ་མཁའ་དང་མཉམ་པར་ཤར། 

    མདོར་ན་རྗེ་ནྭ་རོ་པ་དང་མེ་ཏྲི་པ་གཉིས་ཀྱི་གཙོས་པའི་སློབ་དཔོན་དང་པཎྜི་ཏ་མང་དུ་བསྟེན་ནས་གསང་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ། བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་ཆོས་སྐོར། ཀྱཻ་རྡོར་དང་། གསང་བ་འདུས་པ་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཀྱི་བཤད་པ། འཇམ་དཔལ་རྡོ་རྗེ་དང་། གཤིན་རྗེའི་གཤེད། རྡོ་རྗེ་བདུད་རྩི།  གྲོང་འཇུག་གདམས་པ་སོགས་དབང་དང་མན་ངག་མཐའ་ཡས་པ་གསན་ནས་ཚུལ་བཞིན་ཉམས་སུ་བླངས་ཏེ་ཕྱག་ཆེན་གྱི་རྟོག་པ་མཐར་ཐུག་པ་ཐུགས་ལ་འཁྲུངས་སོ།།


མཛད་སྤྱོད། ཆོས་དང་བླ་མ་འཚོལ་ཆེད་དཀའ་སྤྱོད་དཔག་མེད་མཛད་ནས་རྒྱ་གར་དུ་ལན་གསུམ་དང་བལ་ཡུལ་དུ་ལན་བཞིར་ཕེབས། རྗེ་ནྭ་རོ་པ་དང་མེ་ཏྲི་པ་སོགས་བླ་མ་མང་པོ་བསྟེན།  རྒྱ་གར་ཤར་ནུབ་ལྷོ་བྱང་དང་། ཁ་ཆེ། བལ་ཡུལ་སོགས་ལ་ཕེབས།  གསང་སྔགས་ཀྱི་ཆོས་དཔེ་བོད་སྐད་དུ་བསྒྱུར།   ཕྱིར་ཕེབས་སྐབས་ཆོས་དཔེ་མང་བོ་འཁྱེར།   རྒྱ་གར་དུ་བྱོན་ཚུལ་གྱི་ཉམས་མགུར་མང་དུ་གསུངས།  ལྷོ་བྲག་གྲོ་བོ་ལུང་དུ་གདན་ཆགས་ཏེ་ཀྱཻ་རྡོར་གྱི་ལྷ་མོ་དགུའི་སྦྱོར་བ་དང་མཐུན་པར་ཡུམ་བདག་མེད་མ་སོགས་བཙུན་མོ་དགུ་ཁབ་ཏུ་བཞེས། ཙོ་མོའི་སྲས་དར་མ་མདོ་སྡེ། ལྕམ་བཞི་ལ། སྲས་ཕོ་མོ་བདུན་ཙམ་འཁྲུངས། སྒྲུབ་བརྒྱུད་ཀྱི་བཀའ་བབས།  མི་ལ་རས་པ་སོགས་ཐུགས་སྲས་བུ་ཆེན་མང་དུ་བསྐྱངས་ནས་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཕྱེས།


བླ་མ།  རྗེ་ནཱ་རོ་བ་དང་།པཎྜི་ཏ་ཡེ་ཤེས་སྙིང་བོ། ཀུ་ཀུ་རི་བ། མཻ་ཏྲི་པ་སོགས་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་བཅུ་གཉིས།  བརྒྱུད་པ་འཛིན་ངེས་ཀྱི་བླ་མ་ལྔ་བཅུ། སྣང་བ་འགྱུར་ངེས་བཅུ་གསུམ།ཁྱད་པར་གྲུབ་ཐོབ་ཞལ་ལྔ། རྗེ་འགྲན་གྱི་དོ་མེད་རྣམ་གཉིས་རྣམས་བསྟེན་ཏེ་གསང་སྔགས་རྡོ་རྗེ་ཐེག་པ་མཆོག་གི་དབང་རྒྱུད་མན་ངག་གི་གསན་བསམ་བསྒོམ་པ་རྒྱ་མཚོའི་ཕ་རོལ་ཏུ་སོན།


སློབ་མའི་གཙོ་བོ་ནི། དོལ་བ་གག་སྟོན་དང་། གྲེའི་མིའུ་ཆུང་།  ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་གད་བཅས་ཐུགས་ཀྱི་སྲས་བཞི་དང་། རྒྱུད་སྡེའི་བཤད་སྲོལ་གྱི་བཀའ་བབས་གཞུང་གི་རྔོག་ཆོས་སྐུ་རྡོ་རྗེདང། འཕོ་བའི་བཀའ་བབས་དོལ་གྱི་མཚུར་སྟོན་དབང་གི་རྡོ་རྗེ། འོད་གསལ་མན་ངག་གི་བཀའ་བབས་གཙང་རོང་གི་མེས་སྟོན་ཚོན་པོ། སྒྲུབ་རྒྱུད་ཀྱི་བསྟན་པའི་བཀའ་བབས་གུང་ཐང་གི་མི་ལ་རས་པ་བཅས་ཀ་ཆེན་བཞི།  སྲས་དར་མ་མདོ་སྡེ། མར་པ་མགོ་ཡག མཇལ་བ་ལ་སྔ་བ་ཀློག་སྐྱ། གཉལ་གྱི་ཤུད་ཀྱི་ལྦ་བ་ཅན། འཕྲང་གི་རྒྱ་སྟོན་ཞིག་པོ། གཙོང་རོང་རྒྱ་མཁར་གྱི་ཞང་སྟོན། ལྷོ་པ་ཏེ་སྒོམ། ཆོས་འབྲེལ་ཙམ་གྱི་སློབ་མ། མ་ཙ་མི་ལོ་ཙཱ། མར་དོ། སྤུ་རེངས་ལོ་ཆུང་སྟེ་དབུ་ཆེ་བཅུ་སོགས་སློབ་མ་ཤིན་ཏུ་མང་པོ་བསྐྱངས།   རྔོག་ལ་དགྱེས་རྡོར། མ་ཧཱ་མཱ་ཡ། གདན་གཞི་རྩ་འགྲེལ་མན་ངག་བཅས་གནང་། མེས་སྟོན་ཚོན་པོ་ལ། བདེ་དགྱེས་གསང་གསུམ། མཱ་ཡ། སངས་རྒྱས་ཐོད་པ། མན་ངག་དང་བཅས་པ་གནང་། མཚུར་སྟོན་དབང་རྡོར་ལ། གསང་འདུས་ལུགས་གསུམ། རྩ་རྒྱུད་སྒྲོན་གསལ། རྒྱུད་ཕྱི་རྩ་འགྲེལ། བསྐྱེད་རྫོགས་ཀྱི་མན་ངག དགྱེས་རྡོར་སོགས་གནང་། མི་ལ་ལ། བདེ་དགྱེས་གསང་འདུས། གདན་བཞི། སངས་རྒྱས་ཐོད་པ། མཱ་ཡ་རྣམས་མཐར་ཕྱིན་པ་གནང་། 


སྒྱུར་རྩོམ། བཀའ་འགྱུར་ལས། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་བོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལ་ལེའུ་བདུན་ཅུ་རྩ་བདུན་པ།བསྟན་འགྱུར་ལས། རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག  དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་བོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་ཞེས་བྱ་བ་སོགས་བཀའ་བསྟན་མང་བོ་བོད་ཡིག་ཏུ་བསྒྱུར།   རྗེ་མར་པའི་འདས་མཆོད་ཉིན་ཀར་འབྱུང་གིས་བཏུས་བསྒྲིགས་བྱས།


玛尔巴

藏传佛教噶举派塔布噶举支派奠基人。原名却吉洛追。西藏洛札人。15岁时到牛古垅寺从卓弥·释迦意希学梵语,后变卖家产,多次赴印度、尼泊尔,从那饶巴、弥勒巴(或译密则巴)诸师学密教“喜金刚”法(亦译“双喜金刚”法)、“密集”、“大印”等密法和经典。返藏后,在卓窝垅定居,授徒译经,兼营农、商业。一生未出家,有译师称号。1077年,米拉日巴从其门下,经过6年8个月的观察,以米拉日巴“根器”可成就,而向他口传全部密法。后米拉日巴又传塔布拉杰。至塔布拉杰时,形成塔布噶举支派。噶举派授徒传法时,注重师徒口耳相传,始自玛尔巴,以后成为此派之传统。玛尔巴按印度密教习惯,穿白色僧裙修法,后来白色僧裙遂成为噶举派世代相传的袈裟式样,故噶举派俗称白教。塔布噶举支派建立以后,被尊为初祖。


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-24 12:23 , Processed in 0.024440 second(s), 20 queries .

返回顶部