博客西藏在最高处过一种生活

日志

ཏུན་ཧོང་ཡིག་རྙིང་ལས་བོད་ཡུལ་གྱི་ས་ཁམས་ཆག ...

已有 184 次阅读2019-7-4 16:59 |系统分类:文化| 敦煌, 山水卷

ཏུན་ཧོང་ཡིག་རྙིང་ལས་བོད་ཡུལ་གྱི་ས་ཁམས་ཆགས་ཚུལ་འདི་འདྲ་བྲིས་འདུག

གོ་ལ་ཆེན་མོའི་ངོས་ཀྱི་བོད་ཡུལ་མཐོ་སྒང་།


     བོད་བཙན་པོའི་ཡིག་ཚངཏུན་ཧོང་ཡིག་རྙིངལས། གནམ་གྱྀ་ནྀ་དབུས། སའྀ་ནྀ་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱྀ་ནི་ར་བ། ཆུ་བོ་ཀུན་ཀྱྀ་ནི་མགོ་བོ། རྀ་མཐོ། ས་གཙང་། ཡུལ་བཟང་། མྱྀ་མཛངས་ཤིང་དཔའ་རུ་སྐྱེས། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས། ཞེས་འབྱུང་ངོ་།། དེའི་དོན་གསལ་བར་བཤད་ན། བོད་གངས་ཀྱི་ལྗོངས་ཆེན་མོ་འདི་ནི། གནམ་འཁོར་ལོ་རྩིབ་བརྒྱད་ཀྱི་དབུས། ས་པདྨ་འདབ་བརྒྱད་ཀྱི་དཀྱིལ། གླིང་དཔལ་བེའུ་གྲུ་བཞིའི་སྙིང་པོ། ཤར་ཕྱོགས་ཀྱི་མདོ་ལ་རི་རྒྱུད་དང་། ལོང་ཤན་རི་རྒྱུད། ལྷོ་ཕྱོགས་ནས་ཁ་བ་དཀར་པོའི་རི་རྒྱུད། ནུབ་ཕྱོགས་ནས་ཧི་མ་ལ་ཡའི་རྒྱུད། བྱང་ཕྱོགས་ནས་ཁུ་ནུ་རི་རྒྱུད་དང་། ཨ་ཨིར་ཅིན་རི་རྒྱུད་སོགས་མཐའ་བཞིར་གངས་ཀྱི་ར་བས་བསྐོར་བ། རྒྱ་ནག་པོའི་ཡུལ་གྱི་ཆུ་ཆེན་རྨ་ཆུ་དང་འབྲི་ཆུ། བོད་ཡུལ་གྱི་ཆུ་ཆེན་རྫ་ཆུ་དང་། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ། རྒྱ་དཀར་པོའི་ཡུལ་གྱི་ཆུ་ཆེན་གངྒ་དང་། ཡ་མུ་ན། སིན་དྷུ་གཙང་པོ་ལ་སོགས་པ་གཙང་ཆེན་གྱི་ཆུ་བོ་ཀུན་གྱི་མགོ་བོ། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་མཚོ་འཕགས་སྨི4000ལས་བརྒལ་ཞིང་། མཐོ་ཚད་མཚོ་འཕགས་སྨི6000ནས8800བར་ཅན་གྱི་རི་ཚོགས་མང་བས་རི་རྒྱུད་དང་ས་བབ་ཆེས་མཐོ་བ། དུག་སྦྲུལ་དང་དུག་སྦྲང་སོགས་མིའི་རིགས་ལ་གནོད་པར་གྱུར་པའི་དུག་ཅན་གྱི་སྐྱེ་དངོས་དང་སྲོག་ཆགས་ཉུང་བས་ས་གཞི་ཆེན་མོ་རབ་ཏུ་གཙང་བ། གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེའི་གཏེར་ཁ་དང་འབྲུ་ནོར་གྱིས་ཧ་ཅང་ཕྱུག་པའི་ཡུལ་བཟང་པོ། སྨན་ཤར་རྣམས་མཛངས་ཤིང་དེས་པ། སྟག་ཤར་རྣམས་དཔའ་ཞིང་སྒམ་པས་མི་རྣམས་མཛངས་ཤིང་དཔའ་རུ་སྐྱེས་པ། རྒྱུ་འབྲས་བརྩི་ཞིང་ཕ་མར་བཀུར་བ་སོགས་མི་ཆོས་ཀྱི་ལུགས་སྲོལ་བཟང་དུ་བྱེད་པ། རྟ་ཕོ་གོམ་མགྱོགས་ཅན་འཕེལ་ཁ་ཤིན་ཏུ་དར་བའི་གནས་སུ་རང་བྱུང་ལྷུན་གྱིས་གྲུབ་པའོ།།  ཞེས་པའི་དོན་ཡིན། 

 ཧི་མ་ལ་ཡའི་རི་རྒྱུད།

གངས་ཀྱི་རི་རྒྱུད་མཐོན་པོ་རྣམས་ཀྱི་དབུ་རྩེ་སྤྲིན་གྱི་བང་རིམ་བརྟོལ་ནས་ལྷ་ཡུལ་དུ་ཟུག་པ།

གངས་ཏི་སེ་དང་མཚོ་མ་ཕམ་གྱི་ཁོར་ཡུག

གངས་རི་དང་རྩྭ་ཐང་། མཚོ་མོ།

འཛམ་གླིང་གི་རི་རྒྱལ་ཇོ་མོ་གླང་མ།

འཛམ་གླིང་གི་གཙང་ཆེན་ཨང་གསུམ་པ་དང་ཀྲུང་གོའི་ཆུ་ཆེན་ཨང་དང་པོ་གསེར་ལྡན་འབྲི་ཆུ།

ཀྲུང་གོའི་ཆུ་ཆེན་ཨང་གཉིས་པ་རྨ་ཆུ་སྔོན་མོ།

རྨ་འབྲི་རྫ་གསུམ་གྱི་རྫ་ཆུ་རིང་མོ།

བོད་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡར་ཀླུང་གཙང་པོ།

 ཕྱོགས་བཞི་དང་དབུས་ཁུལ་གྱི་རི་རྒྱུད་ཆགས་ཚུལ་དང་། ཆུ་བོ་ཀུན་གྱི་མགོ་ཁུངས་སུ་གྱུར་ཚུལ།

ཁོར་ཡུག་དང་གནམ་གཤིས་མི་འདྲ་བའི་རང་བྱུང་གི་ས་ཁུལ་ཆེན་མོ་གསུམ།

(来源:岗轮)

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-24 01:58 , Processed in 0.030505 second(s), 20 queries .

返回顶部